མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མ་ཞོ་ཧྥིན་དང་རིན་དབྱིན་གཉིས་ལ་བཅར་འདྲི་བྱས་པའི་གནས་ཚུལ།
2023.01.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

   འཐུས་མི་མ་ཞོ་ཧྥིན་གྱིས་བཤད་རྒྱུར།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གཟབ་རྒྱས་ཤིག་རེད།

ཐེངས་འདིའི་གྲོས་ཚོགས་ཐོག འདས་ཟིན་པའི་ལོ་ལྔའི་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བྱས་རྗེས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱེད་པ་དང་། མ་འོངས་པའི་ལོ་ལྔའི་རིང་གི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་འཆར་འགོད་ཚན་རིག་དང་མཐུན་པར་ཇུས་འགོད་བྱ་རྒྱུ་དེ་རེད།

གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ལྷག་བསམ་རྣམ་དག་གིས་འཐུས་མིའི་འགན་འཁྲི་ཡག་པོར་སྒྲུབ་ནས། བྱ་བའི་སྙན་ཞུ་སོ་སོར་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན་བྱེད་པ་དང་། མཚོ་སྔོན་གྱི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་ལྷག་པར་དུ་མིན་ཡོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།   གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་རེ་སྒུག་གསར་བ་དང་བསམ་ཚུལ་ཇི་མ་ཇི་བཞིན་མཚོན་པར་བྱས་ཏེ། མཉམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་མཛེས་སྡུག་ལྡན་པའི་འཆར་འགོད་ཡག་པོ་བྱེད་རྒྱུ་ཡིན་ཟེར།

འཐུས་མི་རིན་དབྱིན་གྱིས་བཤད་རྒྱུར།  དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས།     ངས་སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས།     ཆབ་སྲིད་ཀྱི་བྱང་ཚད་དང་བཅའ་ཁྲིམས་ཀྱི་བྱང་ཚད། འགན་འཁྲི་སྒྲུབ་ནུས་བཅས་ཆེ་རུ་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཟིལ་ཤུགས་རང་རྟོགས་ཀྱིས་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་།    ང་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།   དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་པ།    སྙན་ཞུ་སོ་སོར་གྲོས་ཞིབ་ནན་ཏན་བྱེད་པ།    ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། གཞི་རིམ་གྱི་བསམ་ཚུལ་མཚོན་པ།    མི་དམངས་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་བཅས་འཐུས་མིའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན།

འདས་མ་ཐག་པའི་ལོ་གཅིག་ནི། ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་དཀའ་ཁག་ཆེ་བའི་ལོ་ཞིག་ཡིན། རིམས་ནད་ཀྱི་གནོད་སྐྱོན་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ནུས་ལྡན་བྱས་པ་དང་། རྒྱ་ཆེའི་སྨན་བཅོས་མི་སྣས་ལེགས་སྐྱེས་ཆེན་པོ་ཕུལ་ལ། སྲིད་གཞུང་གིས་ཆེད་དོན་མ་དངུལ་ཇེ་མང་དུ་བཏང་ནས་སྨན་བཅོས་སྒྲིག་གཞིའི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་སྨན་བཅོས་སྒྲིག་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ནུས་ལྡན་ངང་ཁ་གསབ་བྱས་པ། སྨན་བཅོས་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཤུགས་ཆེན་གཏང་བ་བཅས་བྱས་ཏེ། སྨན་བཅོས་རོགས་སྐྱོབ་བྱ་བ་སྤེལ་རྒྱུར་སྨན་བཅོས་ཀྱི་ཁོར་ཡུག་ཅུང་ཡག་པོ་སྐྲུན་ཡོད།

མ་འོངས་པའི་བྱ་བའི་ཁྲོད་ང་ཚོས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྨན་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞན་ཆ་དང་མི་འདང་ས་ཁ་གསབ་བཅས་བྱས་ཏེ། བདེ་ཐང་གི་མཚོ་བྱང་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།