ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ཟབ་མོ་བླངས་པ་དང་། རྩ་འཛུགས་ཞིབ་མོ་བྱས་ཏེ། བརྗོད་དོན་སློབ་གསོ་ཏན་ཏིག་དང་གཏིང་ཟབ་སྒོས་སྤེལ་བར་ཁག་ཐེག་བྱས།
སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དམ་འཛིན་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག བྱ་བར་སྐུལ་འདེད། ཞིབ་བཤེར་དག་བཅོས་བཅས་ཟུང་དུ་སྦྲེལ་ཏེ་མཉམ་འབྲེལ་དང་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱས།
མ་རྩོམ་ཀློག་པ་དང་མ་ཡིག་བསླབ་ནས། བརྗོད་དོན་སློབ་གསོར་ཕན་འབྲས་ངོ་མ་ཐོབ་པར་སྐུལ་འདེད་བཏང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་ཀྱིས་ཆེད་དོན་གསོ་སྦྱོང་དང་དཔེ་ཀློག་བྱ་འགུལ་རྣམ་པ་སྣ་ཚོགས་རྩ་འཛུགས་བྱས་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱས་ཏེ། ཆབ་སྲིད་ཀྱི་གཤིས་ཀ་སྦྱོང་བརྡར་བྱེད་པ་དང་། དུས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། ཏང་ལ་བློ་དཀར་བ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཟང་བོ་བྱེད་པའི་དོན་དངོས་བྱ་སྤྱོད་ལས་མཚོན་པར་བྱེད་པར་སློབ་གསོ་བཏང་བ་དང་ཁྲིད་སྟོན་བྱས།
བརྗོད་དོན་སློབ་གསོའི་བྱ་བའི་ལས་འགན་སྣ་ཚོགས་དོན་འཁྱོལ་ནན་མོ་དང་ཞིབ་མོ་བྱེད་ཆེད། རྒྱལ་ཁབ་བདེ་འཇགས་པུའུ་དང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཞང་ཀང་ཨོ་མིན་བྱ་བའི་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐུལ་སྤེལ་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། མཛུབ་སྟོན་ལྟ་སྐུལ་ལ་ཤུགས་བསྣན་ཞིང་། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། མི་འདང་སར་ཞིབ་བཤེར་བྱས་པ་དང་ཧེ་བག་བཙལ་ལ། ཁ་ཕྱོགས་གསལ་བར་བྱས།