རང་ཞིང་གི་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མྱུར་དུ་རྩ་འཛུགས་དང་བཀོད་སྒྲིག་བྱས་ནས་སློབ་སྦྱོང་བྱས་པ་དང་། ཏང་ཡོན་ལས་བྱེད་པ་རྣམས་སྤྲོ་སེམས་སྔར་ལས་ཆེན་པོས་བགྲོ་གླེང་དང་བརྗེ་རེས། བྱ་བའི་ལག་ལེན་ཁྲོད་ཞུགས། ཚང་མས་མཐའ་གཅིག་ཏུ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བར་ཤན་སྦྱར་ནས། བརྗོད་དོན་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་མོ་བྱེད་པ་དང་། སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། ཐོས་བསམ་སྤྱོད་རྟོགས་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དམངས་ཚིས་ཀྱི་བྱ་བ་རེ་རེ་དང་དམངས་ཚིས་ཀྱི་བརྩེ་སེམས་སུ་བསྒྱུར་དགོས་ཟེར།

ཞིང་ཆེན་སློབ་གསོ་ཐིན་དུ། མགོ་ཁྲིད་ལས་བྱེད་པས་ཆེད་དུ་སློབ་སྦྱོང་བྱེད་པ་དང་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་་སློབ་སྦྱོང་བྱེད་པ། དྲ་ཐོག་ཡུལ་དངོས་ནས་ཚང་མས་སློབ་སྦྱོང་བྱེད་པ། ཚོགས་པ་རྩ་འཛུགས་ཀྱིས་གསར་གཏོད་སྒོས་སློབ་སྦྱོང་བྱེད་པ། ཞབས་རྗེས་སྙེག་སྟེ་ཡུལ་དངོས་ནས་སློབ་སྦྱོང་བྱེད་པ་བཅས་ཀྱི་སྣང་ཚུལ་མཐོང་ཐུབ། རང་ཞིང་གི་སློབ་གསོ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཁྲོད་གནས་པའི་ཞན་ཆ་གཙོར་བཟུང་ནས། དཀའ་གནད་ཐག་བཅད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་ནས་སེམས་ཁྲལ་མེད་པར་བཟོས། སློབ་གསོ་ཁྱབ་ཁོངས་ཀྱི་མི་འདང་ས་འཚོལ་བ་དང་། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ་གཙོར་བཟུང་ལ། སྣང་ཚུལ་གསར་བ་དང་གྲུབ་འབྲས་གསར་བས་མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། སློབ་གསོ་བཅོས་སྒྱུར་རྒྱུན་མཐུད་ངང་སྤེལ་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་སྒོས་འཕེལ་རྒྱས་སུ་བཏང་བ་དང་མཁར་གྲོང་གཞི་གཅིག་ཅན་དུ་བསྒྱུར་ལ། སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་དང་མཐོ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་བ་དང་ལས་རིགས་སློབ་གསོ་ལེགས་བསྐྲུན་སྤུས་འདེགས་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་འདོན་རྒྱ་བསྐྱེད་པའི་ཐད་ཤུགས་བཏོན།

ཞིང་ཆེན་དམངས་སྲིད་ཐིན་དུ། ལས་བགོ་གསལ་བ་དང་ཁོངས་སྒྲིལ་འགན་ཁུར་གྱི་སློབ་སྦྱོང་ཚན་ཆུང་མང་པོ་བཙུགས་ཡོད་པ་དང་། ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དེར་རྒྱུས་ལོན་བྱེད་སྐབས། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། ཚད་གཞི་མཐོན་པོ་དང་རེ་བ་ནན་མོ། བྱེད་ཐབས་བཟང་བོས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་མཉམ་བསྲེས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། བརྗོད་དོན་སློབ་གསོའི་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་རེ་བ་ལྟར། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ཐིན་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ལ། དམངས་སྲིད་ཀྱི་ལས་སྒོ་བྱ་བར་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དམངས་སྲིད་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་སུ་བསྒྱུར།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དུ། ཚང་མས་མ་རྩོམ་ཀློག་པ་དང་བདེན་ལུགས་རྟོགས་པ་རྒྱུན་འཁྱོངས་བྱས་པ་དང་། གནད་ཁྱོན་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ་དང་གནད་དོན་ཁྱེར་ནས་སློབ་སྦྱོང་བྱེད་པ། གསར་གཏོད་སྒོས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས། བརྟག་དཔྱད་ཞིབ་འཇུག་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རྟོག་ཞིབ་ཀྱི་གཙོ་གནད་ལ་དམ་དུ་དམིགས་པ་དང་། རྟོག་ཞིབ་ཀྱི་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་གནས་ཚུལ་གསར་པར་ཞིབ་འཇུག་བྱས་པ་དང་གནད་དོན་གསར་པ་ཐག་བཅད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་གཙོ་འགན་གཙོ་ལས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཡོངས་ཁྲོད་འདྲེས་པར་བྱས་ལ། དཀའ་གནད་ཐག་བཅད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ལ། དོན་དངོས་སྒྲུབ་པ་དང་མི་དམངས་ཀྱི་སེམས་ཁྲལ་མེད་པར་བཟོས་ནས། མི་དམངས་མང་ཚོགས་ཀྱིས་གནད་དོན་ཐག་བཅད་པའི་གྲུབ་འབྲས་དངོས་མྱོང་ཚོར་བྱེད་ཐུབ་པར་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་སྤྱིའི་རེ་བར་གོ་བ་ཡང་དག་བླངས་པ་དང་། རྩ་བའི་ལས་འགན་ཚད་གཞིར་བཟུང་ལ། བྱེ་བྲག་གི་དམིགས་འབེན་ལ་གཙིགས་འཛིན་བྱས་པ་དང་། བྱེད་ཐབས་གཙོ་བོ་ལག་བསྟར་བྱས་ལ། འབུར་ཐོན་གནད་དོན་ཐག་གཅོད་བྱས། བརྗོད་དོན་སློབ་གསོ་སྤེལ་བ་དེ་རང་སྡེ་ཁག་གི་དཀྱིལ་སྙིང་བྱ་བ་བཟང་བོར་བསྒྲུབ་པར་ཟུང་འབྲེལ་བྱས་པ་དང་། བྱ་བའི་འགན་འཁྲི་དང་ད་ལྟ་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ་བྱས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་བྱེད་པའི་བྱ་བ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ལོ། ལས་གཞི་ཆེན་པོ་ལག་བསྟར་བྱེད་པའི་ལོ། གནད་འགག་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལོ། སྨན་བཅོས་ལས་ཁུངས་བཅོས་སྒྱུར་གྱི་ལོ་སོགས་བྱ་འགུལ་དང་ཟུང་འབྲེལ་དམ་པོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཁོག་གི་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱས་ཤིང་། སྨན་བཅོས་འགན་སྲུང་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བདེ་ཐང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།