རང་ཞིང་གི་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 116

བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་ལས་ཁུངས་སོ་སོས་སྤུས་ཚད་མཐོ་བའི་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཚད་གཞི་མཐོ་བའི་ངང་འཆར་འགོད་བྱས་པ་དང་རེ་བ་མཐོན་པོས་རྩ་འཛུགས་བྱས་ལ། བྱེད་ཐབས་བཟང་བོས་ལག་བསྟར་བྱས་ཏེ། བརྗོད་དོན་སློབ་གསོ་འགོ་ཚུགས་ས་མཐོན་པོ་ནས་འགོ་རྩོམ་པ་དང་ཚད་གཞི་མཐོ་བའི་སྒོ་ནས་སྤེལ་བ། སྤུས་ཚད་མཐོ་བའི་ངང་གྲུབ་འབྲས་ལེན་པར་ཁག་ཐེག་བྱས།

བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བཟོ་ཚོགས་ནི་ཏང་གིས་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལྕགས་ཟམ་ལྟ་བུ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཟོ་ཚོགས་ལས་ཁུངས་ནས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། བཟོ་ཚོགས་ཀྱིས་ཏང་གི་འབོད་སྐུལ་དང་ལེན་དང་ལག་བསྟར་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ། ལས་བཟོ་བའི་བསམ་བློ་ཆབ་སྲིད་ལ་སྣེ་ཁྲིད་བྱེད་པ་དང་། ལས་བཟོ་བ་རྩ་འཛུགས་བྱས་ཏེ་བྱས་རྗེས་འཇོག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་སོགས་གཙོ་གནད་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་བཟོ་ཚོགས་ཀྱི་གྲུབ་འབྲས་གསར་པ་མངོན་པར་བྱེད་པ་དང་བཟོ་ཚོགས་ཀྱི་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཏོན།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཞུང་ལུགས་སློབ་སྦྱོང་ཐད་ནས་ཐོས་བསམ་སྤྱོད་གསུམ་དང་ཤེས་རྟོགས་དྲིལ་སྒྲོག་གི་ཡར་ཞུ་རྐྱེན་སྲོལ་བཙུགས་པར་མ་ཟད་འཐུས་ཚང་དུ་བཏང་སྟེ། ཆབ་སྲིད་ཀྱི་བློ་སྦྱོང་དང་གཞུང་ལུགས་ཆུ་ཚད། ནུས་པ་འཇོན་ཐང་བཅས་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་། བརྟག་དཔྱད་ཞིབ་འཇུག་ཐད་ནས་ཟབ་དངོས་ཞིབ་དག་དང་གྲུབ་འབྲས་ཀྱི་རེ་བ་མངོན་པར་བྱས་ནས། རྟོག་ཞིབ་དམིགས་འབེན་ཀྱི་ངེས་གཏན་ཡང་དག་ཡིན་པ་དང་སྲིད་ཇུས་རྒྱུས་ལོན་ཡང་དག་བྱེད་པ། ཁྱབ་ཁོངས་གདམ་གསེས་ཡང་དག་བྱེད་པ། གནད་དོན་ཡང་དག་འཚོལ་བ། གྲོས་གཞི་ཡང་དག་འདོན་ཐུབ་པར་བྱས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བརྗོད་དོན་སློབ་གསོ་དང་གུང་གཞོན་ཚོགས་པས་བཅོས་སྒྱུར་ཟབ་སྤེལ་གཉིས་ཟུང་འབྲེལ་བྱས། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་ཐད་ནས་གནད་དོན་ལ་བརྟག་བཤེར་ནན་མོ་བྱེད་པ་དང་དག་ཐེར་བཅོས་སྐྱོང་བཟང་བོ་བྱེད་པ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཚད་གཞི་མཐོན་པོ་བྱས་ལ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་ནས་གནད་ལ་འཁེལ་བ་དང་ཆ་ཚང་བ། གོ་ཆོད་པ་བཅས་འབུར་དུ་ཐོན་པར་བྱས།

 ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་བའི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། ནང་དོན་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་ཆེད་དོན་སློབ་སྦྱོང་དམ་འཛིན་བྱེད་དགོས་པ་དང་། མི་ཚོགས་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་སློབ་སྦྱོང་ལ་སྣེ་ཁྲིད་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས་པ། ཚན་ཁག་གི་ཁོངས་མི་ཡུལ་དངོས་སུ་སོང་ནས་གནད་དོན་ཡང་དག་འཚོལ་བ་དང་བྱེད་ཐབས་བཟང་བོ་འདོན་དགོས་པ་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་གཙིགས་འཛིན་བྱས་ཏེ། ལས་རིགས་སོ་སོའི་བུད་མེད་ཀྱི་གསར་གཏོད་གསར་སྐྲུན་དང་ལས་སྐྲུན་བྱེད་པའི་གསོན་ཤུགས་ཆེ་རུ་བསྐྱེད་དགོས་པ། ཡུན་རིང་བོར་ཐག་གཅོད་མ་ཐུབ་པའི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གྲུབ་འབྲས་གསར་པར་བརྟེན་ནས་བུད་མེད་བྱ་བ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པ། ཉམས་མྱོང་དང་བྱེད་ཐབས་བཟང་བོ་བསྡུ་ལེན་བྱེད་པ་དང་། ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོ་ལས་གྲུབ་པའི་ཡུན་ཕན་རྐྱེན་སྲོལ་ཡུན་རིང་བོར་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་བ་དང་། བརྗོད་དོན་སློབ་གསོ་སྤེལ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་བོ་སྐྱོན་ཅན་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཟུང་འབྲེལ་དམ་པོ་བྱེད་པ། གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་དང་དོན་དངོས་སྒྲུབ་པ། ཕན་འབྲས་བརྩོན་ལེན་བྱེད་པ་དང་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་པའི་རྟོག་ཞིབ་བྱ་འགུལ་དང་ཟུང་འབྲེལ་བྱེད་པ། དབང་བོ་སྐྱོན་ཅན་གྱི་སེམས་ཁྲལ་བྱེད་པའི་གནད་དོན་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་ཐག་བཅད་དེ། ཏང་གི་དཀའ་སྡུག་མཉམ་སེལ་བྱེད་པ་དང་དབང་བོ་སྐྱོན་ཅན་གྱི་དཀའ་ངལ་སེལ་དགོས་པའི་རེ་བ་བཏོན།

མཚོ་སྔོན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཞུང་ལུགས་སློབ་སྦྱོང་ལ་བརྟེན་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཚན་རྩལ་བྱ་བ་སྒྲུབ་མཁན་ཚོའི་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ། བརྟག་དཔྱད་ཞིབ་འཇུག་བྱེད་པར་བརྟེན་ནས་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པ། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་པ་ཐག་གཅོད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྟེན་ནས་ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་རིག་མཛོད་མ་ལག་འཐུས་ཚང་དུ་གཏོང་བ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པར་བརྟེན་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བསམ་བློའི་གཞི་རྩའི་སྟེང་ནས་གནད་དོན་ཐག་གཅོད་པ་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་བརྟེན་ནས་སློབ་གསོའི་གྲུབ་འབྲས་ཇེ་ཟབ་ཏུ་བཏང་སྟེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས་པའི་རེ་བ་བཏོན།

ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སློབ་སྦྱོང་གི་འཆར་གཞི་གཏན་འབེས་བྱེད་པ་དང་སློབ་སྦྱོང་གི་ཆེད་དོན་སྒྲིག་པ། ཏང་གཤིས་བགྲོ་གླེང་བསྡུ་བ། དཔེ་ཀློག་འཛིན་གྲྭ་བསྡུ་བ་དང་། ཏང་ཙུའུ་ཁོངས་མིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་གཞི་རིམ་དུ་རྟོག་ཞིབ་བྱེད་པར་སོང་ནས། བྱ་བ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ལ། འཕྲལ་བསྟུན་མྱུར་སྐྱོབ་ཐད་ནས་རྒྱ་སྐྱེད་ནུས་སྤེལ་བྱེད་པ་དང་མི་ཆོས་རོགས་སྐྱོར་ཐད་ནས་སྤུས་འདེགས་ཚད་འཕར་བྱེད་པ། དངུལ་གསོག་ནུས་པ་གསར་གཏོད་མཐོར་འདེགས་སུ་གཏོང་བ། མི་ཆོས་རིག་གནས་རྒྱུན་འཛིན་ལ་སྣེ་ཁྲིད་བྱེད་པ། གཞི་གྲངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པ་གདངས་འདེགས་རིམ་སྤོར་བྱེད་པ་སོགས་ཀྱི་བྱ་བ་གཙོར་འཛིན་པ། ཞན་ཆ་དང་མི་འདང་སར་དམིགས་པ་དང་། དག་ཐེར་ལེགས་བཅོས་ཀྱི་དུས་བཅད་གཏན་ཁེལ་བྱེད་པ། གནད་དོན་གྱི་གནད་འགག་ཡང་དག་པར་བཙལ་ནས། དག་ཐེར་བཅོས་སྐྱོང་ནན་མོ་བྱེད་དགོས་པ་དང་། གནས་ཚུལ་དངོས་དང་མཐུན་པ་དང་གོ་ཆོད་པའི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་མ་ཟད་འཐུས་ཚང་དུ་བཏང་སྟེ། གཙོ་འགན་གཙོ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།