རང་ཞིང་གི་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 100

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཟི་ལིང་སྒོ་ཁྲལ་ལས་ཁུངས་བཅས་ཀྱིས་མྱུར་དུ་རྩ་འཛུགས་དང་བཀོད་སྒྲིག་བྱས་ནས་སློབ་སྦྱོང་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཚོ་སྤྲོ་སེམས་སྔར་ལས་ཆེན་པོས་བགྲོ་གླེང་དང་བརྗེ་རེས། བྱ་བའི་ལག་ལེན་ཁྲོད་ཞུགས། ཚང་མས་མཐའ་གཅིག་ཏུ། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་ལག་བསྟར་དམ་འཛིན་བྱས་ཏེ། བརྗོད་དོན་སློབ་གསོ་ཚད་གཞི་མཐོ་བའི་སྒོ་ནས་འགོ་རྩོམ་པ་དང་སྤུས་ཚད་མཐོ་བའི་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུའི་ཚུལ་བསྟན།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལྷན་ཁང་ཡོངས་ཀྱི་རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྐུལ་སློང་དང་འབོད་སྐུལ་བྱས་ནས། གཞུང་ལུགས་སློབ་སྦྱོང་ཐད་ནས་གོ་བ་ལེན་པ་འབུར་དུ་ཐོན་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཐད་ཀྱི་ཆབ་སྲིད་ཀྱི་ངོས་འཛིན་དང་བསམ་བློའི་ངོས་འཛིན། གཞུང་ལུགས་ཀྱི་ངོས་འཛིན། བརྩེ་སེམས་ཀྱི་ངོས་འཛིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ཐད་ནས་ཟབ་སྤེལ་འབུར་དུ་ཐོན་པར་བྱེད་པ་དང་། འཕེལ་རྒྱས་བཅོས་སྒྱུར་དང་འབྲུ་རིགས། ནུས་ཁུངས་སོགས་གནད་འགག་ཁྱབ་ཁོངས་གཙིགས་སུ་འཛིན་པ། གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་དང་གནད་དོན་འཚོལ་བ། ཐབས་ཇུས་འདོན་པ་བཅས་བྱས་ནས། བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གསར་པ་འབུར་དུ་ཐོན་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་གཙིགས་སུ་བཟུང་སྟེ། བྱ་བའི་སྤུས་ཚད་དང་ཕན་འབྲས་གཉིས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་ཞབས་ཞུ་དང་འགན་སྲུང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་ཐད་ནས་དངོས་གཉེར་འབུར་དུ་ཐོན་པར་བྱེད་པ་དང་། རྩིས་ཐོ་རང་བཞིན་གྱི་དོ་དམ་ལག་བསྟར་བྱེད་པ། ལས་གཞི་ཅན་དུ་བསྒྱུར་ནས་ལག་བསྟར་བྱས་ཏེ། གནད་དོན་གྱི་གསལ་ཁྲ་དེ་གྲུབ་འབྲས་དངོས་སུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་སོ་སོ་བརྗོད་དོན་སློབ་གསོའི་འགན་འཁྲི་མི་སྣ་དང་པོ་བྱས་ནས། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་དགོངས་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་བྱེད་དགོས་ལ། ཕྱོགས་གཉིས་ཞིབ་དཔྱད་དང་ཕྱོགས་གཉིས་མཐོར་འདེགས་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོ་བརྒྱུད་དེ་བྱ་བ་སྣ་ཚོགས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ལས་འགན་གཙོ་བོ་ལག་བསྟར་བྱེད་པ་བརྒྱུད་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་མཐོར་འདེགས་སུ་གཏོང་བ། བརྗོད་དོན་སློབ་གསོ་དང་བྱ་བ་སྣ་ཚོགས་མཉམ་བསྲེས་བྱེད་པ་དང་་གཞི་གཅིག་ཏུ་སྤེལ་བ་མངོན་འགྱུར་བྱས་ནས། ཕན་ཚུན་སྐུལ་འདེད་གཏོང་བ་དང་ཕན་ཚུན་ལ་ཕན་འདོགས་ཐུབ་པར་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་བརྗོད་དོན་སློབ་གསོའི་འགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ། གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་ཀྱི་བྱང་ཚད། ནུས་པ་འཇོན་ཐང་། ཁག་ཁུར་འབད་འཐབ། བྱ་བའི་སྤྱོད་ཚུལ་དང་དག་གཙང་རང་གཅུན་བཅས་ཕྱོགས་དྲུག་ཐད་ཀྱི་འབུར་ཐོན་གནད་དོན་གཙིགས་སུ་བཟུང་ནས། འབུར་དོན་གནད་དོན་དག་ཐེར་ལེགས་བཅོས་དང་ཡོ་བསྲང་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ནོར་སྲིད་ཐིན་གྱིས་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། གཅིག་འདོམས་འཆར་འགོད་དང་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་ལག་བསྟར་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་དུ་བཏང་བ་དང་ནོར་སྲིད་དང་རྩིས་གཉེར་གྱི་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། རང་འགུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་གཏན་ཁེལ་བྱས་པའི་རིགས་སྣ་བདུན་གྱི་རྟོག་ཞིབ་ལས་འགན་ཉེར་བརྒྱད་ལ་རྗེས་འདེད་བྱས། ནོར་སྲིད་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་པ་དང་ལག་ལེན་གྱི་འདྲེན་བྱེད་དམ་འཛིན་བྱས་ལ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་ལག་བསྟར་ལ་སྐུལ་འདེད་གཏོང་བའི་ཕྱོགས་བཞིའི་ཐད་ནས་བཀོད་སྒྲིག་བཟང་བོ་བྱེད་པར་གཅིག་འདོམས་བྱས་པ་དང་། ཏང་ཡོན་ལས་བྱེད་པས་འགན་སྒྲུབ་བྱེད་པ་དང་ཁག་ཁུར་འབད་འཐབ་བྱེད་པའི་ཁྲོད་བར་ཁྱད་འཚོལ་བ་དང་ལག་བསྟར་དམ་འཛིན་བྱེད་པ། གནད་དོན་ལ་ལྟ་ཞིབ་དང་དག་ཐེར་ལེགས་བཅོས་བྱེད་པའི་ཁྲོད་ལག་ལེན་གཙིགས་སུ་འཛིན་པ་དང་བྱས་རྗེས་གསར་པ་བཞག་སྟེ། བརྗོད་དོན་སློབ་གསོ་སྤེལ་བའི་གྲུབ་འབྲས་དེ་དཀའ་ཁག་ཁྱད་སེལ་བྱེད་པ་དང་ལས་གཉེར་ལས་སྐྲུན་བྱེད་པའི་གྲུབ་འབྲས་དངོས་སུ་བསྒྱུར་རྒྱུའི་རེ་བ་བཏོན།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་པ་དང་། བརྗོད་དོན་སློབ་གསོ་དང་རིག་གནས་ཡུལ་སྐོར་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ལ། རིག་གནས་དང་ཡུལ་སྐོར་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོའི་ཁྲོད་འདྲེས་པར་བྱེད་པའི་གནད་ས་དང་ཤུགས་འདོན་ས་འཚོལ་བ། རིག་གནས་ཡུལ་སྐོར་མཉམ་བསྲེས་ཟབ་མོ་བྱེད་པ་དང་མཚོ་སྔོན་པོའི་དཔེ་སྟོན་འཛུགས་སྐྲུན་བྱེད་པ། ཚོང་ར་ཚད་ལྡན་བཅོས་སྐྱོང་བྱེད་པ། སྒྱུ་རྩལ་གསར་རྩོམ་དང་སྤྱི་ཐུན་ཞབས་ཞུ། ཤེས་ལྡན་མི་སྣ་སྐྱེད་སྲིང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། བྱ་བའི་གསལ་ཁྲ་འཛུགས་པ་དང་སྒོ་བྱང་བཀལ་ནས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ། གཅིག་བསྡུས་སྒོས་མཁྲེགས་གཏོར་བྱེད་པ་བཅས་བྱས།

ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། རང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་གཡུལ་ས་གཙོ་བོ་དམ་འཛིན་བྱས་ལ། བརྗོད་དོན་སློབ་གསོའི་ཆེད་སྒྲིག་ལེ་ཚན་བཙུགས་པ་དང་། དྲ་ཐོག་ནས་དྲིལ་སྒྲོག་བྱེད་པའི་རྣམ་པ་སྤྱད་དེ། དྲ་ཐོག་ནས་སློབ་སྦྱོང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས། དཔེ་ཀློག་མཉམ་སྤྱོད་དང་ཤེས་བྱའི་འགྲན་སྡུར་སོགས་བྱ་འགུལ་སྤེལ་ནས། ཡུལ་དངོས་སློབ་སྦྱོང་གི་གཡུལ་ས་འཛུགས་སྐྲུན་བྱས།