རང་ཞིང་གི་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 74

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་བཅས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་བྱ་བ་བཟང་བོར་སྒྲུབ་པའི་སྤྱོད་ཚུལ་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བར་བཀོད་སྒྲིག་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཚོས་དགོངས་དོན་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱས་པ་དང་། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་པ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས་ཏེ། སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པའི་ཁྲོད་ནས་དངོས་གཉེར་གྱི་སྟོབས་ཤུགས་བསྡུ་ལེན་བྱས།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཐིན་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ་སོགས་འབྲེལ་མཐུད་བྱས་པ་དང་། མཉམ་བསྲེས་བྱས་པ་དང་མཉམ་དུ་སྤེལ་ལ། གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་ཀྱི་བྱང་ཚད། ནུས་པ་འཇོན་ཐང་དང་ཁག་ཁུར་འབད་འཐབ། བྱ་བའི་སྤྱོད་ཚུལ། དག་གཙང་རང་གཅུན་སོགས་བཅས་དྲུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་བཅད་པ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་དེ། ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་བཟང་དུ་གཏོང་བ། བྱ་བ་བཟང་བོར་བསྒྲུབ་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་བཟང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། དངོས་གཉེར་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཐད་དུ་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།

ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་དུས་ཚོད་དང་པོའི་ནང་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས། བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་དང་དམིགས་འབེན་ལས་འགན། བྱེད་ཐབས་གཙོ་བོ་གཙིགས་སུ་བཟུང་བ་དང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་རྒྱུན་མཐུད་ངང་ཤུགས་བསྣན་ལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། གཞི་རིམ་གྱིས་རེ་སྒུག་བྱེད་པ་དང་དམངས་སེམས་ཕྱོགས་པའི་གནད་དོན་སྐོར་ཞིག་ཐག་གཅོད་པར་སྐུལ་འདེད་བཏང་། ཕན་པ་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་དར་སྤེལ་གཏོང་བ། བབ་སྡོད་ལས་བརྩོན་གྱི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཕན་འབྲེལ་སྦྲེལ་མཐུད་ཀྱི་གྲུབ་འབྲས་བཟང་བོས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས། དེར་མ་ཟད། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ་འབུར་དུ་ཐོན་པར་བྱས་པ་དང་། ཡུན་རིང་གི་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་རྐང་བཙུགས་ནས། ལམ་ལུགས་ཀྱི་བསམ་ཕྱོགས་དང་ལམ་ལུགས་ཀྱི་སྦྱོར་བར་བརྟེན་ནས་ཞན་ཆ་ཁ་གསབ་བྱས་པ་དང་གཞི་རྩ་ཇེ་བརྟན་དུ་བཏང་།

ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་མྱུར་དུ་གྲོས་ཚོགས་བསྡུས་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱས་ལ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་དང་བསམ་བློའི་དྲག་ཆས་སྤྲས་པ་གཉིས་བརྗོད་དོན་སློབ་གསོའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། གཞུང་ལུགས་ཀྱི་སློབ་སྦྱོང་ཆེན་པོ་དང་བམས་བློའི་དྲག་ཆས་ཆེན་པོ། ཆབ་སྲིད་ཀྱི་སྦྱོང་བརྡར་ཆེན་པོ་བཅས་སྤེལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ལ་འཆར་འགོད་བཟང་བོ་དང་རྩ་འཛུགས་བཟང་བོ། སྐུལ་སྤེལ་བཅས་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་བསྐྲུན་པར་འབད་བརྩོན་བྱས།

ཞིང་ཆེན་ཆུ་བེད་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་ཧ་ཅང་མཐོང་ཆེན་བྱས་པ་དང་གནས་མཐོན་པོ་ནས་སྤེལ་བ་དང་། གཙོ་གནད་འབུར་ཐོན་བྱས་ནས་ལག་བསྟར་དམ་འཛིན་བྱས་ཏེ། ཕྱོགས་གཉིས་ནས་དམ་འཛིན་བྱས་པ་དང་གཉིས་ཀ་འགོང་འགྱངས་མི་བྱེད་པར་མཉམ་དུ་སྐུལ་འདེད་བཏང་།

ཞིང་ཆེན་ཚན་རྩལ་ཐིན་གྱིས་གྲོས་ཚོགས་བསྡུས་ནས། ཐེངས་འདིའི་བརྗོད་དོན་སློབ་གསོ་འདི་གོ་སྐབས་སུ་བརྩིས་པ་དང་། ལས་རྐང་དངོས་ལ་ཟུང་འབྲེལ་བྱས་ལ། ཐོས་བསམ་སྤྱོད་རྟོགས་ལག་ལེན་བྱས་པ་དང་། ཤེས་རྟོགས་ལ་བརྟེན་ནས་ལག་བསྟར་ལ་སྐུལ་འདེད་བཏང་བ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་གཞུང་ལུགས་ཀྱི་བྱང་ཚད་དང་ཏང་གཤིས་བློ་སྦྱོང་དུ་བསྒྱུར་ལ། དངོས་གཉེར་དངོས་འབྲས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་མངོན་པར་བྱས་པ་དང་ཞིབ་དཔྱད་བྱས་པར་མ་ཟད། ལོ་འགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ཚན་རྩལ་བྱ་བར་སྐུལ་འདེད་གཏོང་བའི་སྟེང་གཅིག་བསྡུས་བྱས་པ་དང་། བདེན་འཛིན་དངོས་གཉེར་དང་ཁག་ཁུར་འབད་འཐབ་བྱས་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་རྒྱུགས་སྤྲོད་ཀྱི་ལམ་དུ་བསྐྱོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་མགྱོགས་པོར་བསྐྱོད་དེ། ཚན་རྩལ་གསར་གཏོད་ཀྱི་མཛེས་སྡུག་གི་འཆར་གཞི་དེ་མངོན་སུམ་གྱི་དོན་དངོས་སུ་བསྒྱུར་བར་འབད་བརྩོན་བྱས།

རིན་ཆེན་མཚོས་བསྒྱུར།