སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པ་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་དགོས།
2023.05.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

—མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

བསྟུད་མར་ཉིན་ཤས་རིང་། རང་ཞིང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་ངང་འགུལ་སྐྱོད་བྱེད་པ། གཙོ་གཞིའི་འགན་འཁྲི་བརྟན་པོར་འཁུར་བ། རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ་བཅས་ཀྱིས་བརྗོད་དོན་སློབ་གསོ་ནུས་ལྡན་དང་གོ་རིམ་ལྡན་པ། ཏན་ཏིག་དང་གཏིང་ཟབ། ཕན་མཐོ་བཅས་ཡོང་བར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་། པུའུ་ཡི་ལས་ཁུངས་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། མིག་དཔེ་སྟོན་པ་བཅས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩི་བ་དང་། “ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བའི་ལོ”ཡི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། པུའུ་ཡི་ལས་ཁུངས་ལ་ཡུན་རིང་གནས་པའི་ཕྱོགས་བཅུའི་ཐད་ཀྱི་གནད་དོན་འབུར་ཐོན་ལ་དམིགས་ཤིང་། གཙོ་གནད་ལས་འགན48གསེད་བཀྲོལ་བྱས་པ་དང་། གནད་དོན་ཐག་གཅོད་བྱེད་པའི་ཞིབ་བསྡུར་ཚད་གཞི་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ཏེ། རྩ་འཛུགས་བྱ་བས་བརྗོད་དོན་སློབ་གསོའི་ཁྲོད་སྤུས་འདེགས་ཕན་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྐུལ་སློང་དང་བཀོད་སྒྲིག་བྱེད་སྐབས་བཤད་དོན། སྡེ་ཁག་སོ་སོས་དོན་དངོས་ལ་གཞི་ཚུགས་པ་དང་། བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། སྣེ་ཁྲིད་དེ“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་བརྩི་སྲུང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས། ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་པ་ཅུའུ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་ལ་བླང་བྱ་བཏོན་དོན། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ།  ལས་བྱེད་རྒན་པ་ཅུའུ་ཡི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་ལ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སེམས་ཤུགས་བསྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་བསྐྱེད་པ། སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་སྲུང་བ་བཅས་ཀྱི་ཐད་ལ་ཕན་འབྲས་དངོས་ཐོན་པར་འབད་བརྩོན་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་དཔྱོད་པུའུ་ཡི་ཁ་གཏད་རོགས་སྐྱོར་གྲོང་ཁྱེར(ཁུལ)གྱི་ཏང་གི་སློབ་གྲྭ་དང་། སློབ་གྲྭའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འབྲེལ་གཏུག་ས་ཚིགས་ཀྱི་གཞི་རིམ་ཏང་གི་སློབ་གྲྭ། གཞི་རིམ་ཏང་གི་སློབ་གྲྭའི་སློབ་གཉེར་སྤུས་ཚད་དཔྱད་འཇོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་བྱ་གཞི་གལ་ཆེན་ལ་ཞིབ་འཇུག་བྱེད་པ་སོགས་ཐེག་བྱད་དང་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་དུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གི་བྱ་བ་སྤེལ་བར་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས།

མཚོ་སྔོན་འགྲིམ་འགྲུལ་ཚོད་འཛིན་ཚོགས་པས་དེང་རབས་ཀྱི་འགྲིམ་འགྲུལ་ཚོད་འཛིན་དང་། ལྗང་མདོག་འགྲིམ་འགྲུལ་ཚོད་འཛིན། སྤུས་ཚད་འགྲིམ་འགྲུལ་ཚོད་འཛིན། ཁྲིམས་སྐྱོང་འགྲིམ་འགྲུལ་ཚོད་འཛིན། གྲངས་འཛིན་འགྲིམ་འགྲུལ་ཚོད་འཛིན། སྤྱོད་གཙང་འགྲིམ་འགྲུལ་ཚོད་འཛིན་སོགས་ཀྱི“འགྲིམ་འགྲུལ་ཚོད་འཛིན་དྲུག”ཐེག་བྱད་བྱས་ནས། སློབ་སྦྱོང་ལ་མཐོང་ཆེན་བྱས་ཏེ་བརྟག་དཔྱད་ལ་དམ་འཛིན་བྱེད་པ། ལྟ་ཞིབ་ལ་མཐོང་ཆེན་བྱས་ཏེ་སྤྱོད་ཚུལ་བསྒྱུར་བ། ལག་ལེན་ལ་མཐོང་ཆེན་བྱས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་སེམས་ཤུགས་བསྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་བསྐྱེད་པ། སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་སྲུང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།