ཟླ་ལྔ་པའི་ཚེས་བཞི་ཉིན། ཟི་ལིང་གྲོང་ཁྱེར་རླངས་འཁོར་ས་ཚིགས་དང་ཡུལ་སྐོར་འཕེལ་རྒྱས་ཀུང་ཟིའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་བ་ཀྲུའུ་ཞོ་ཅེ་ཡིས་བཤད་རྒྱུར། ཞིང་ཆེན་ནང་ཁུལ་གྱི་སྲོལ་རྒྱུན་སྐྱེལ་འདྲེན་ཐད་ཀྱི་རྒྱལ་དབང་ཁེ་ལས་ཡིན་པའི་ཆ་ནས། ང་ཚོས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། བསམ་བློ་བཅིངས་འགྲོལ་དང་ཏང་ལས་མཉམ་བསྲེས་གཏིང་ཟབ་བྱས་ལ། ཚོང་གཉེར་བསམ་ཕྱོགས་རྒྱ་བསྐྱེད་པ་དང་། སྲོལ་རྒྱུན་གྱི་ཚོང་གཉེར་མ་དཔེ་བསྒྱུར་ལ། ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ་བྱེད་ཐབས་སུ་བྱས་པ་དང་། ཁེ་ལས་ཀྱི་དགེ་མཚན་ཐོན་ཁུངས་བསྡུ་རུབ་བྱས་ལ། ས་ཚིགས་ཀྱི་རྨང་གཞིའི་རྩོལ་ནུས་རྒྱ་བསྐྱེད་དེ། ཕྱི་ཕྱོགས་ཀྱི་འདྲེན་ཚད་ལ་བརྟེན་ནས་སྲོལ་རྒྱུན་སྐྱེལ་འདྲེན་ས་ཚིགས་ཀྱི་ལས་སྒོའི་རྩོལ་ནུས་མི་འདང་ས་ཁ་གསབ་བྱས་ཟེར།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་སྐྱེལ་འདྲེན་སྡེ་ཚོགས་ཀུང་ཟིའི་ཏང་ཨུས་རྩ་འཛུགས་སྡེ་ཁག་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། སློབ་གསོའི་འདྲེན་བྱེད་གསར་གཏོད་བྱས་ལ། སློབ་སྦྱོང་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཏང་ཡོན་ལས་བྱེད་པའི་གཞུང་ལུགས་རྨང་གཞི་ཇེ་བརྟན་དུ་བཏང་ལ། དྲིལ་སྒྲོག་གི་སྣེ་ཁྲིད་ལ་ཤུགས་བསྣན་ནས། སློབ་སྦྱོང་བཟང་བོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱས་པ་དང་། བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་ཐད་ནས་ཐོག་མའི་གྲུབ་འབྲས་བླངས། སྡེ་ཚོགས་ཀྱིས་ཆེད་དུ་ཞིབ་འཇུག་བྱས་ནས་མཚོ་སྔོན་སྐྱེལ་འདྲེན་སྡེ་ཚོགས་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་དང་བྱ་བའི་ལས་ཁུངས་བཙུགས། སྡེ་ཚོགས་ཀྱི་ཏང་ཨུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་མཉམ་འབྲེལ་བྱས་ནས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ། ཁོངས་གཏོགས་ཁེ་ལས་སོ་སོས2023ལོའི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་བྱ་བ་གཙོ་བོ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་པ་དང་། བརྗོད་དོན་སློབ་གསོར་བཀོད་སྒྲིག་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ། མི་འདེམ་མི་བཀོལ་བརྒྱུད་རིམ། ལོ་ཧྲིལ་བོའི་ཏང་འཛུགས་བྱ་བ་གཙོ་བོའི་གསལ་ཁྲ་སྒྲིག་བཟོ་བྱེད་པ་དང་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རུལ་སུངས་མི་བྱེད་གསུམ་སོགས་ཕྱོགས་ལ་ཁྱོན་ཡོངས་ནས་ལྟ་ཞིབ་བྱས་ལ། ཁེ་ལས་སོ་སོའི་ཏང་རྩ་འཛུགས་ཀྱིས་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པར་མཛུབ་ཁྲིད་བྱས་པར་མ་ཟད། འབྲེལ་ཡོད་གྲོས་ཚོགས་བསྡུས་ནས། དེའི་ཐད་གནས་པའི་གནད་དོན་ཐད་ནས་མཛུབ་སྟོན་རང་བཞིན་གྱི་གྲོས་གཞི་བཏོན་པ་དང་། བྱ་བའི་བརྒྱུད་རིམ་ཁྲོད་གནས་པའི་དོགས་གནད་དང་རྟོགས་དཀའ་བའི་གནད་དོན་ཐད་ནས་མཛུབ་སྟོན་ཞིབ་མོ་དང་འགྲེལ་བཤད་གསལ་བོ་བྱས།
ཐུན་མོང་སློབ་སྦྱོང་དང་བགྲོ་གླེང་བསྡུ་བ་དང་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྒྲུབ་པ། ཏང་གཤིས་ཀྱི་གྲོས་སྡུར་སྤེལ་བ། ཏང་ཡོན་གྱིས་སློབ་སྦྱོང་བྱེད་པ་དང་ཀྲི་པུའུ་ཡིས་གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ། བརྗོད་དོན་ཏང་གི་ཉིན་མོའི་ལག་ལེན་སློབ་སྦྱོང་། གསར་བརྗེ་སློབ་གསོ་སོགས་སྤེལ་བ་བརྒྱུད་དེ། སློབ་སྦྱོང་སློབ་གསོ་བཟང་བོར་སྤེལ། དེ་དང་མཉམ་དུ། ཞིབ་འཇུག་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ། རྟོག་ཞིབ་ཀྱི་དུས་ཚོད་དང་རྟོག་ཞིབ་ཀྱི་རེ་བ། རྟོག་ཞིབ་ཀྱི་རྣམ་པ། རྟོག་ཞིབ་ཀྱི་བརྗོད་གཞི། རྟོག་ཞིབ་ཀྱི་བཀོད་སྒྲིག་སོགས་ཀྱི་ནང་དོན་གཏན་ཁེལ་བྱས་པར་མ་ཟད། སྡེ་ཚོགས་ཀྱི་ཀུང་ཟིའི་ཚན་ཁག་ཁོངས་མིས་གནད་དོན་ལ་དམ་དུ་དམིགས་པ་དང་། གནས་ཚུལ་དངོས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་གནད་དོན་ལ་དབྱེ་ཞིབ་བྱས་ལ། ཞིབ་འཇུག་བྱས་ནསགནད་དོན་ཐག་གཅོད་པ་དང་བྱ་བར་ལེགས་སྒྱུར་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་ཕྱིར་འདོན་རྒྱུའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།