ཞིང་ཆེན་ཚོང་དོན་ཐིན་གྱིས་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་གསར་པར་ཞིབ་བཤེར་བྱས།
2023.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 77

ཟླ་ལྔ་པའི་ཚེས་བརྒྱད་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཚོང་དོན་ཐིན་གྱིས“དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་དང་ཚོང་དོན་གྱི་ལས་དོན་གཙོ་བོར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས། འཛད་སྤྱོད་ཀྱི་རྣམ་པ་བསྐྲུན་པ་དང་དམངས་ཕན་གྱི་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་ནན་མོ་བྱས། ཚོང་དོན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཆེན་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་སིལ་འཚོང་ཁེ་ལས་ཀྱི་ཕྱིར་ཚོང་བསྡོམས་འབོར་དང་བཟའ་བཏུང་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་གཉིས་མངོན་འགྱུར་བྱས་པ་དང་། ཡོང་འབབ་དེ་ནི་ཉིས་སྟོང་ཉེར་གཉིས་ལོ་ལས་བརྒྱ་ཆའི་སོ་ལྔ་འཕར་ཡོད།

ཞིང་ཆེན་ཚོང་དོན་ཐིན་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲངས་ནས། “8+X”གཙོ་གནད་དུ་འཛིན་པའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་མ་ལག་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་དུ། གང་བྱེད་ན་དེ་གཙོ་གནད་དུ་བཟུང་ནས་སློབ་པ་དང་གང་ཆད་ན་དེ་གཙོ་གནད་དུ་བཟུང་ནས་ཁ་གསབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཅིག་ཅན་བརྒྱད”དང“སློབ་དགོས་པ་ལྔའི”བྱེད་ཐབས་གསར་གཏོད་བྱས་ཏེ་དངོས་སུ་བཏོན་ནས་བརྗོད་དོན་སློབ་གསོའི་ཁྱད་ཆོས་བཟུང་བ་དང་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱས། བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་ནང་དོན་དེ་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གི་ནང་དོན་གཙོ་བོར་འཛིན་པ་དང་། ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལས་འགན་གཙོ་བོར་འཛིན་པ། བརྗོད་དོན་སློབ་གསོའི་ཏང་གི་སློབ་ཁྲིད་ཀྱི་ཞིབ་འཇུག་བྱ་གཞི་གཙོ་བོར་བརྩིས་ནས་སློབ་སྦྱོང་གི་འཆར་གཞི་བཟོས་པ་དང་། ཡོངས་འགྲུབ་ཀྱི་དུས་བཅད་ཁ་གསལ་བཟོས་པ། སློབ་སྦྱོང་གི་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་སྔར་ལས་ཆེ་རུ་གཏོང་བ། རྩ་འཛུགས་བྱས་ནས་གཏན་འབེབས་བྱས་པའི་ལེ་ཚན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་དོན་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཚོང་དོན་ལས་དོན་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་བླང་བྱ་གསར་ཤོས་ལ་སློབ་སྦྱོང་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུས་བརྗོད་དོན་སློབ་གསོར་བཏོན་པའི“ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་བསམ་ཕྱོགས་ཀྱི་གསོན་ཤུགས་རྒྱས་པར་བྱེད་པ། ལས་དོན་ཏན་ཏིག་ངང་སྒྲུབ་པ། སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ”བཅས་ཀྱི་དམིགས་འབེན་བླང་བྱ་གཞིར་བཟུང་ནས། དྲ་ཐོག་ཚོང་དོན་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་ཐད་གཏོང་གི་ལམ་ནས་སྤེལ་ཏེ། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། རང་རེའི་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་ལ་རམ་འདེགས་གང་ལེགས་བྱས།

གཙོ་འགན་འཁུར་བར་དམ་དུ་དམིགས་ཏེ་མང་ཚོགས་དང་གཞི་རིམ། ཁེ་ལས་བཅས་ཀྱི་ཁྲོད་དུ་རྒྱུན་མི་ཆད་པར་ཟབ་ཞུགས་བྱས་པའི་རྨང་གཞིའི་སྟེང་དུ། འགལ་ཟླའི་གནད་དོན་ལས་གཡོལ་ཐབས་མི་བྱེད་པ་དང་། སྐྱོན་ཆ་དང་ནོར་འཁྲུལ་འདོན་ཕོད་པ། འཛད་སྤྱོད་འཕེལ་བར་བྱེད་པ་དང་ཚོང་དོན་འཁོར་རྒྱུག་གང་ལེགས་ཡོང་བར་བྱེད་པ། ཕྱོགས་གཉིས་ཀར་དངུལ་གཏོང་། གཞི་གྲངས་ཚོང་དོན་སོགས་ལ་དམ་པོར་དམིགས་ཏེ། ཕྱོགས་བརྒྱད་ཀྱི་ཐད་གནས་པའི་གནད་དོན་གཙོ་བོ་གསེད་བཀྲོལ་དང་འཚོལ་ཞིབ་བྱས་པ་དང་། གནད་དོན་གྱི་གསལ་ཁྲ་དང་དམངས་འཚོའི་ལས་གཞི་ཡི་གསལ་ཁྲ་བཟོས་པར་མ་ཟད། འབད་བརྩོན་བྱེད་ཕྱོགས་ཁ་གསལ་བཟོས་པ་དང་དམིགས་འབེན་རང་བཞིན་གྱི་ལེགས་བཅོས་བྱེད་ཐབས་ཉི་ཤུ་ཞིབ་འཇུག་བྱས་ནས་དངོས་སུ་བཏོན་ལ། གནད་དོན་རེ་རེར་དག་ཐེར་ཡོ་བསྲང་གི་དམིགས་འབེན་དང་དག་ཐེར་ཡོ་བསྲང་གི་དུས་བཅད།  སྣེ་ཁྲིད་འགན་ཁུར་མི་སྣ་དང་ཞིབ་ཕྲའི་འགན་འཁུར་ལས་ཁུངས་བཅས་ཁ་གསལ་བཟོས།

བན་དེ་སྐྱབས་ཀྱིས་བསྒྱུར།