ཟླ་ལྔ་པའི་ཚེས་བརྒྱད་ཉིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་མགོ་བརྩམས།
ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་ཁྲིན་ཧྲུའུ་ཧྲན་གྱིས་བསྟན་དོན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དངལག་བསྟར་བྱེད་པ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱེད་པ་དང་། མ་རྩོམ་ཀློག་པ་དང་མ་ཡིག་ཀློག་པ། མ་དོན་རྟོགས་པའི་སྟེང་ཤུགས་བསྣན་ནས་སློབ་སྦྱོང་རྗེས་སུ་མི་ལུས་པ་དང་ངོས་ཟིན་རྗེས་སུ་མི་ལུས་པ། ལག་ལེན་རྗེས་སུ་མི་ལུས་བར་བྱས་ནས་ཕྱོགས་ཡོངས་ནས་རྒྱུས་ལོན་དང་མཐིལ་རྟོགས་བྱེད་དགོས།
ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རིག་གནས་དང་ཡུལ་སྐོར་བྱ་བ་དངོས་ནས་མགོ་བརྩམས་ཏེ་གཅིག་བསྡུས་སྒོས་སློབ་སྦྱོང་དང་རང་སར་སློབ་སྦྱོང་བྱེད་པ། དྲ་ལམ་དང་དྲ་ཕྱི་ནས་སློབ་སྦྱོང་བྱེད་པ་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྒྱུན་སྐྱོང་དགོས། དོགས་གཞི་ཁྱེར་ནས་སློབ་དགོས་ལ། གནད་དོན་ཁྲིད་ཕྱོགས་ཀྱི་རྒྱུན་བསྐྱངས་ཏེ། རང་དང་བྱ་བ། འགན་འཁྲི་བཅས་དེའི་ཁྲོད་འདྲེས་པར་བྱས་ནས་སློབ་པ་དང་སྒྲུབ་པ་ཟུང་འབྲེལ་བྱེད་པ་དང་། ཞིབ་བཤེར་དང་བཅོས་སྒྱུར་སྦྲེལ་མཐུད་བྱེད་དགོས། གཙོ་གནད་ལ་དམིགས་ནས་སྔོན་དུ་སྐྱོད་པ་དང་གདོང་ལེན་པ་བྱེད་པ། མིག་དཔེ་སྟོན་པ་བཅས་བྱེདདགོས།
རང་ཞིང་གི་རིག་གནས་དང་ཡུལ་སྐོར་མ་ལག་གིས་སློབ་པ་དང་ལག་ལེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་སྒོས་རང་རྟོགས་ངང་ལས་དོན་གཉེར་བ་དང་ནན་ཏན་གྱིས་བྱ་བ་བསྒྲུབ་ནས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་བསླབ་པའི་ཤེས་བྱ་དག་རིག་གནས་དང་ཡུལ་སྐོར་གྱི་ལྟེ་གནས་བྱ་བའི་ཁྲོད་བེད་སྤྱོད་བཏང་སྟེ། རིག་གནས་དང་ཡུལ་སྐོར་གྱི་བྱ་བ་ཁག་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། རང་འགུལ་ངང་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། གསར་གཏོད་ཀྱི་བསམ་བློ་དང་བཅོས་སྒྱུར་གྱི་བྱེད་ཐབས་ཀྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཐག་བཅད་ནས་དངོས་སྒྲུབ་ཁག་ཁུར་གྱི་བྱ་བའི་སྤྱོད་ཚུལ་གྱིས་བྱ་བ་ཁག་མུ་མཐུད་སྤུས་འདེགས་ནུས་སྤེལ་བྱེད་རྒྱུ་རེད། བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་ནས། དོགས་གནད་ཁྱེར་ནས་གཞུང་ལུགས་སློབ་པ་དང་དོགས་གནད་ཁྱེར་ནས་བརྟག་དཔྱད་བྱེད་པ། བརྟག་དཔྱད་ཁྲོད་དུ་གནད་དོན་འཚོལ་བ་དང་ཁ་ཕྱོགས་འཚོལ་བ། བྱེད་ཐབས་བཙལ་ནས་བསམ་ཕྱོགས་གསར་བ་དང་ཐབས་ལམ་གསར་བ། བྱེད་ཐབས་གསར་བར་བརྟེན་ནས་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་རྒྱུ་རེད།
མི་ཕམ་མགོན་པོས་བསྒྱུར།