ཟླ་ལྔ་པའི་ཚེས་བཅུ་ཉིན། གསར་འགོད་པས་ཞིང་ལས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ལས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་ཏང་ཨུའི་རྩ་འཛུགས་མགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་དང་། སྔུན་སྐྱོད་དཔེ་སྟོན་བྱས་ཏེ། ཀྲུང་དབྱང་སྤྱིའི་དངུལ་ཁང་ཏང་ཨུས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བྱ་བའི་འཆར་འགོད་དངོས་འབེབས་ནན་མོ་བྱས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱས་ཏེ། སྔོན་ལ་བརྟག་དཔྱད་བྱེད་པ་དང་། གཞི་རིམ་དང་ལག་ལེན་སྐོར་ནས་འདྲི་རྩད་བྱེད་པ་རྒྱུན་འཁྱོངས་བྱས་ནས། བརྟག་དཔྱད་ཀྱི་མཇུག་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར།
ཞིང་ལས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས། ཏང་ཨུའི་མགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ། གྲོང་གསེབ་དར་སྤེལ་གྱི་མཐའ་བསྐོར་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་ནས། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་ཐག་གིས་བཅད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔར། བརྟག་དཔྱད་ཞིབ་འཇུག་བྱེད་ཐེངས་སོ་གཅིག་སྤེལ་བ་དང་། བཞུགས་མོལ་ཚོགས་འདུ་ཐེངས་བཞི་ལ་སྤེལ།
གནད་དོན་གསར་རྙེད་དང་གནད་དོན་ཚད་ལྡན། གནད་དོན་ཐག་གཅོད་བཅས་ཀྱི་བསམ་ཕྱོགས་ལྟར། འཚོལ་བསྡུ་བྱས་པའི་གནད་དོན་ལ་ཁ་གཏད་ནས། དུས་ལྟར་གནད་དོན་རིགས་དབྱེ་དང་དབྱེ་འབྱེད་བྱེད་པ་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་དངུལ་ཁང་བཅོས་སྒྱུར་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། གཞི་གྲངས་ཅན་གྱི་ཚུལ་སྒྱུར་དང་། ལས་གཉེར་སྒྲིག་གཞི་སྙོམས་སྒྲིག ལས་གཉེར་གོ་རིམ་ལེགས་སྒྱུར། ལས་བཟོ་བའི་ཟབ་སྦྱོང་ལ་ཤུགས་སྣོན་པ་སོགས་ཕྱོགས་དགུ་ལ་སྐུལ་འདེད་བཏང་ནས། གནད་དོན་བཙལ་བ་དང་། དུས་ལྟར་ཚོད་འཛིན་བྱེད་པ། ལས་གཉེར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ཐག་གིས་གཅོད་དགོས།
རྙེད་ཟིན་པའི་གནད་དོན་ལ་ཁ་གཏད་ནས། གནད་དོན་ཐོ་འགོད་བྱེད་པ་དང་། ཞིབ་ཕྲའི་གནད་དོན་དམིགས་སུ་དགར་ནས། དག་ཐེར་ལེགས་བཅོས་ཀྱི་དུས་ཚོད་ཚད་བཀག་དང་ཞིབ་ཕྲའི་འགན་འཁུར་བ་གཏན་ཁེལ་གསལ་བོ་བྱས་ནས། གནད་དོན་ཐག་གིས་གཅོད་ན་འགན་འཁུར་མཁན་གྱི་མི་ཡོད་པ་དང་། བྱ་བ་སོ་སོར་བརྡ་ལན་ཡོད་པར་ཁག་ཐེག་བྱས།
བརྟག་དཔྱད་ཁྲོད་རྙེད་པའི་གནད་དོན་ཐག་གིས་གཅོད་པར་སྐུལ་འདེད་བྱེད་པར་རྗེས་འདེད་བྱས་ནས། ཉིས་སྟོང་ཉེར་གསུམ་ལོའི་སློབ་གསོའི་ཟབ་སྦྱོང་བྱ་བའི་འཆར་གཞི་མུ་མཐུད་དུ་བཏོན་ནས། གྲོང་རྡལ་ལས་བཟོ་བའི་ཁ་གསབ་གྲོན་དངུལ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཙུགས་ནས། ཕན་ཡོད་བྱེད་ཐབས་དག་ལམ་ལུགས་དང་གོ་རིམ་དུ་བསྒྱུར་ནས། བརྟག་དཔྱད་ཀྱི་གོ་རིམ་དེ་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་བྱ་བའི་རྩལ་ནུས་མཐོར་འདེགས་དང་། འགནའ་ཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་གོ་རིམ་དུ་འགྱུར་བར་འབད་པ་བྱས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།