ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་མཚོ་སྔོན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་ལ་དམ་དུ་དམིགས་ནས་ཉེ་ལམ་ཁྱབ་བརྡ་བཏང་བ་སྟེ། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་། སྒོ་བསྟེན་གྱི་དལ་བའི་ནད་རིགས་དང་དམིགས་བསལ་ནད་རིགས་ཀྱི་སྨན་བཀོལ་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་སྨན་བཅོས་འགན་སྲུང་གི་རྩིས་ཞུའི་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་ནས་སྨན་བཅོས་འགན་སྲུང་ལོངས་སུ་སྤྱོད་པའི་མིས་སྨན་བཅོས་བཅོས་སྒྱུར་གྱི་ཁེ་སྤོགས་རེག་པར་བྱེད་དགོས།

ཐེངས་འདིའི་རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་གྱི་དལ་བའི་ནད་རིགས་དང་དམིགས་བསལ་ནད་རིགས་ཀྱི་སྨན་བཀོལ་དཀར་ཆག་ལ་འགུལ་རྣམ་བཀོད་གཏོང་བྱེད་པའི་ཁྲོད་དངོས་བཅོས་སྨན་བཅོས་ཁྲོད་ཉེར་མཁོ་དང་བདེ་འཇགས་ཕན་ནུས་ལྡན་པའི་རྩ་དོན་རྒྱུན་བསྐྱངས་ཏེ། སྨན་སྣ་བདུན་ཅུ་ལྷག་རང་རེའི་ཞིང་ཆེན་གྱི་སྒོ་བསྟེན་གྱི་དལ་བའི་ནད་རིགས་དང་དམིགས་བསལ་ནད་རིགས་ཀྱི་སྨན་བཀོལ་ཁྱབ་ཁོངས་སུ་བཞག གསར་དུ་བསྣན་པའི་སྨན་རྫས་དེ་སྐྲན་ནད་དང་གཅིན་སྙིའི་ནད་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད་ལ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མིའི་སྨན་བཀོལ་དགོས་མཁོ་རྒྱ་ཆེར་བསྐངས།

དེ་དང་མཉམ་དུ་སྨན་བཅོས་ཞབས་ཞུའི་ལས་གཞི་དང་སྨན་བཀོལ་རྒྱུ་ཆའི་སྨན་བཅོས་འགན་སྲུང་གི་དཀར་ཆག་འགུལ་རྣམ་བཀོད་གཏོང་བྱེད་པར་གཞི་རྩའི་སྨན་བཅོས་འགན་སྲུང་གི་གཞི་རྩར་འགན་སྲུང་བྱེད་པ་དང་རྒྱུན་མཐུད་ཅན་གྱི་རྩ་དོན་རྒྱུན་བསྐྱངས་ཏེ། ཕྱོགས་བསྡུས་སྒོས་ལས་གཞིའི་བྱེད་ནུས་དང་ངེས་གནས་གཏན་ཁེལ་དང་དངོས་བཅོས་དགོས་མཁོ། བདེ་འཇགས་རང་བཞིན་སོགས་རྒྱུ་རྐྱེན་ལ་དམིགས་ནས་དངོས་བཅོས་དགོས་མཁོ་དང་བདེ་འཇགས་ནུས་ལྡན། རིན་གོང་ལུགས་དང་མཐུན་པ། སྨན་བཅོས་མི་སྣའི་སྨན་བཅོས་རྩལ་ནུས་ཆུ་ཚད་དང་ངལ་རྩོལ་ཞབས་ཞུའི་རིན་ཐང་མངོན་པའི་ལས་གཞི་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་བཞག

སྨན་བཅོས་འགན་སྲུང་དཀར་ཆག་འགུལ་རྣམ་བཀོད་གཏོང་བྱ་བ་སྤེལ་བ་ནི་སྨན་བཅོས་འགན་སྲུང་དང་སྨན་བཅོས། སྨན་རྫས་བཅས་མཉམ་འབྲེལ་གྱི་བཅོས་སྒྱུར་གཏིབ་ཟབ་ཏུ་སྤེལ་བ་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། སྨན་བཀོལ་དཀར་ཆག་བཀོད་གཏོང་ལ་བརྟེན་ནས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་ལ། ནད་པར་སྨན་བཅོས་འགན་སྲུང་བཅོས་སྒྱུར་གྱི་ཁེ་སྤོགས་མྱོང་དུ་འཇུག་དགོས། སྨན་བཅོས་འགན་སྲུང་གི་དངུལ་གཏོང་ཁྱབ་ཁོངས་རྒྱ་བསྐྱེད་ནས་སྔར་ལས་མང་བའི་ལག་རྩལ་གསར་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་ཐབས། སྨན་བཅོས་མི་སྣའི་ངལ་རྩོལ་གྲུབ་འབྲས་མངོན་ཐུབ་པའི་ལས་གཞི་སྨན་བཅོས་འགན་སྲུང་ཁྲོད་བཞག་ནས་ནད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་སྨན་བཅོས་མི་སྣའི་ཧུར་སེམས་བསྐྱེད་པ་དང་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་ཐད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་བྱས།

མི་ཕམ་མགོན་པོས་བསྒྱུར།