ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤུགས་སྣོན་དྲུག་དང་དོ་སྣང་དྲུག་བྱེད་ཐབས་སུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དགོངས་པ་སློབ་སྦྱོང་བྱེད་པར་ཤུགས་བསྣན་ལ། ཏང་གཤིས་སྐྱེད་པའི་སྟེང་ཁ་གསབ་བྱས་པ་དང་། ལག་ལེན་གཙོར་འཛིན་བའི་ཐད་ནས་ཁ་སྣོན་བྱས་ཤིང་། བྱས་རྗེས་འཇོག་པའི་ཐད་ནས་ནུས་པ་བསྩལ་ཏེ། བརྗོད་དོན་སློབ་གསོ་འགོ་ཚུགས་ས་མཐོན་པོ་ནས་འགོ་རྩོམ་པ་དང་ཚད་གཞི་མཐོན་པོ་ནས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ངང་གྲུབ་འབྲས་ལེན་པར་ཁག་ཐེག་བྱས།
བརྒྱད་སྣོན་གཙོ་གནད་དུ་བྱས་པའི་དཔེ་ཀློག་དཀར་ཆག་འབུར་དུ་ཐོན་པར་བྱས་པ་དང་། ཚན་ཁག་ཁོངས་མིའི་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པའི་སློབ་ཁྲིད་དང་སྐར་མ་བཅོ་ལྔར་དཔེ་ཀློག་བྱེད་པའི་ཞོགས་སྦྱོང་སློབ་ཁྲིད་བཀོད་སྒྲིག་བྱས་ཤིང་། འདྲི་གཅོད་ཟུར་ཉན་གྱི་སློབ་ཁྲིད་དང་བརྗེ་རེས་བློ་སྐྱེད་ཀྱི་མཉམ་སྤྱོད་སློབ་ཁྲིད་ལ་ཞུགས་པ་དང་། ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་དཔེ་ཀློག་འཛིན་གྲྭ་བསྒྲུབས་ལ། བརྙན་རིས་ཀྱི་ལམ་ནས་སྙན་ཞུ་ཕུལ་བ་དང་ཡུལ་དངོས་སློབ་ཁྲིད་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ། གོ་དོན་མཐིལ་རྟོགས་དང་རྒྱུས་ལོན་གསལ་བོ་བྱེད་ཐུབ་པར་བྱས། རྒྱལ་གཅེས་རིང་ལུགས་དང་སྲིད་གཙང་སློབ་གསོའི་རྟེན་གཞི་བཀོལ་སྤྱོད་བཟང་བོ་བྱས་པ་དང་། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཕུགས་འདུན་ཡིད་རྟོན་སློབ་གསོ་སྤེལ་ལ། སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་འཚོལ་བ་དང་བསྐྱོད་ལམ་གསར་བའི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་གྱིས་གཏན་ཕབ་གཉིས་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ནས། ཡིད་རྟོན་གྱི་རྨང་གཞི་བརྟན་པོ་བཙུགས་པ་དང་སྙིང་སྟོབས་ཆེར་སྐྱེད་ལ། བསམ་བློ་ཁ་ཕྱོགས་ཇེ་བརྟན་དུ་བཏང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་འགན་ནུས་གཙིགས་འཛིན་བྱས་པ་དང་། བུད་མེད་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་གནོད་སྐྱེལ་བའི་གཙོ་གནད་དཀའ་གནད་ལ་དམིགས་ནས། རྟོག་ཞིབ་ཀྱི་བརྗོད་གཞི་བཅུ་གསུམ་གཏན་ཁེལ་བྱས་པ་དང་། ཚན་ཁག་ཁོངས་མིས་དམིགས་འབེན་ཁྱེར་ནས་རྟོག་ཞིབ་བྱས་པ་དང་། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་། མང་ཚོགས་ཀྱི་འདོད་བློར་རྒྱུས་ལོན་གསལ་བོ་བྱས་པ་དང་། མཐའ་གྲངས་ཁོང་དུ་ཆུད་པར་བྱས་ཏེ། བུད་མེད་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་དངོས་གནས་ཐག་བཅད།
མི་དམངས་དཀྱིལ་སྙིང་དུ་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་ཇེ་བརྟན་དུ་བཏང་བ་དང་། བུད་མེད་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པར་སེམས་ཁྲལ་བྱས་ལ། བུད་མེད་མང་ཚོགས་ཀྱི་གནད་འགག་དོན་ཆུང་དེ་སེམས་ནང་གི་དོན་ཆེན་དུ་བརྩིས་ནས། དམངས་ཚིས་ཀྱི་དོན་དངོས་བཅུ་ཐག་བཅད་པ་དང་། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་བུད་མེད་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་བྱ་བའི་སྲོག་རྩ་བརྟན་པོ་བཙུགས། ཤན་སྦྱར་ཞིབ་བཤེར་ལ་ཤུགས་བསྣན་པ་དང་། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པར་དོ་སྣང་བྱས། བུད་མེད་ལས་དོན་འཕེལ་རྒྱས་སུ་གཏོང་བར་བཀག་སྡོམ་བྱས་པའི་དཀའ་གནད་གཙིགས་འཛིན་བྱས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་ཐད་ཀྱི་དཀའ་གནད་ཐག་གཅོད་པ་དང་རང་སྟེང་གི་གནད་དོན་ཐག་གཅོད་པ། བུད་མེད་ཀྱི་དགོས་མཁོའི་ཐད་ཀྱི་དྲི་བར་ལན་འདེབས་པར་དམིགས་ནས། གནད་དོན་གྱི་གསལ་ཁྲ་ཆེན་པོ་རིགས་བཞི་གཏན་ཁེལ་བྱས་པ་དང་། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་དགུ་གཏན་འབེབས་བྱས་ལ། དག་ཐེར་ལེགས་བཅོས་ཀྱི་དམིགས་འབེན་བཅུ་གསུམ་བཏོན་ནས། རེ་རེ་བཞིན་དག་ཐེར་ལེགས་བཅོས་བྱས་པ་དང་། དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་བསྣན་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོ་སྣང་བྱས། བུད་མེད་མང་ཚོགས་ཀྱི་ལས་སྒོའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། མཛངས་མའི་ལས་ཞུགས་ལས་སྐྲུན་གྱི་སྐུལ་སྤེལ་བྱ་སྤྱོད་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་། ཁྱིམ་སྲོལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། བུད་མེད་དཔལ་ཡོན་དར་སྲོལ་གྱི་སྐུལ་འདེད་པ་བྱེད་པར་སྣེ་ཁྲིད་བྱས། བུད་མེད་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་སེམས་ཁུར་གཟིགས་སྐྱོང་ལ་ཤུགས་བསྣན་པ་དང་། རྒྱ་ཆེའི་བུད་མེད་ཚོ་ཕུགས་འདུན་མངོན་འགྱུར་བྱེད་པའི་འབད་འཐབ་པ་དང་རླབས་ཆེན་ལས་དོན་གྱི་འཛུགས་སྐྲུན་མཁན་བྱེད་པར་སྐུལ་མ་བཏང་།
རིན་ཆེན་མཚོས་བསྒྱུར།