ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གསུམ་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་འགན་སྲུང་བྱས།
2023.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 105

ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་དང་སེམས་སུ་སིམ་པར་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ཞིབ་འཇུག་ནན་མོ་བྱས་ནས་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་ཇུས་གཞི་དང་སློབ་སྦྱོང་གི་འཆར་གཞི་གཏན་ཁེལ་བྱས་པ་དང་། མི་སྣ་དང་དུས་ཚོད། ས་གནས། ནང་དོན་བཞི་བོ་གཏན་ཁེལ་གསལ་བོ་བྱས་ཏེ་དངོས་གཉེར་གསར་གཏོད་སྒོས་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་བྱས་པར་མ་ཟད་ཕྱོགས་མང་པོ་ནས་ཆེད་དོན་དཔེ་ཀློག་འཛིན་གྲྭ་སྤུས་ཚད་མཐོ་བའི་ངང་སྒྲུབ་པར་འགན་སྲུང་བྱས།

གནད་འགག་དམ་འཛིན་བྱས་ནས་ཟབ་ཚད་འབུར་དུ་ཐོན་པར་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཁོངས་མི་རྩ་འཛུགས་བྱས་ནས་སྔོན་ལ་སློབ་སྦྱོང་བྱེད་པའི་རྒྱུན་བསྐྱངས་པ་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་གནད་འགག་གི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་པ་དང་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བཙུགས་པར་མ་ཟད། ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་སློབ་སྦྱོང་ཚན་ཆུང་བརྒྱད་དུ་བགོས་པ་དང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིས་དངོས་སུ་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་འཛིན་གཙོའི་འགན་ཁུར་བ་དང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་ཚན་ཆུང་གཅིག་རེའི་སྣེ་ཁྲིད་ནས་སློབ་སྦྱོང་བྱས། ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་རྗེས་འདེད་སློབ་སྦྱོང་དང་བརྗེ་རེས་སློབ་སྦྱོང་། སློབ་པ་དང་གོ་བ་གཏིང་ཟབ་ལེན་པ་དང་། སྣེ་ཁྲིད་ནས་སློབ་པ་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ལ། ཏང་ཡོན་ལས་བྱེད་པ་གཞན་པས་ཀྲི་པུའུ་ཚན་ཁག་ཏུ་བྱས་ནས་མཉམ་དུ་སློབ་སྦྱོང་བྱས་ཏེ། གཞུང་ལུགས་སློབ་སྦྱོང་གིས་སྤྱི་ཡོངས་ལ་ཁེབས་པ་དང་ཕན་འབྲས་ཐོབ་པར་བྱས།

བྱ་བའི་བྱེད་ཐབས་དངོས་འབེབས་བྱས་ནས་ཁྱབ་ཚད་ལ་ཁེག་ཐེག་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཞིང་ཆེན་ཏང་ཨུས་གཏན་ཁེལ་བྱས་པའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་མ་ལག་ལ་དམིགས་ནས་ཉིན་བདུན་རིང་གི་གཅིག་བསྡུས་སློབ་སྦྱོང་གི་འཆར་གཞི་གཏན་ཁེལ་བྱས་པ་དང་། ངེས་ཀློག་དཔེ་ཆ་དང་འདེམས་ཀློག་དཔེ་དེབ་ཀློག་པ་དང་ཞིབ་འཇུག་ལ་ཤུགས་བསྣན་ནས་གཞུང་ལུགས་ཀློག་པ་དང་གཞུང་ལུགས་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན། དེ་དང་མཉམ་དུ་དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཀྱི་རྒྱུན་བསྐྱངས་ཏེ་བརྗོད་དོན་སློབ་གསོའི་བྱ་བའི་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས།

སྒྲིག་སྲོལ་སྒྲིག་ལམ་ཇེ་དྲག་ཏུ་བཏང་ནས་ཤུགས་ཚད་ལ་འགན་སྲུང་བྱས། ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭའི་གནང་ཞུའི་ཐད་ཆེས་གཟབ་ནན་གྱི་མགོ་ཁྲིད་དང་པོས་བཤེར་མཆན་འགོད་དགོས་ལ། དཔེ་ཀློག་འཛིན་གྲྭས་དཔེ་ཀློག་འཛིན་གྲྭའི་སྤྱོད་ཚུལ་ཞིབ་བཤེར་ཚན་ཆུང་བཙུགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཙོ་བོས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་ཀྱིས་སློབ་སྦྱོང་ཚན་ཆུང་སོ་སོའི་སློབ་སྦྱོང་དང་ཞིབ་འཇུག་ལ་མཛུབ་ཁྲིད་བྱས་ལ། ཨུ་ཡོན་ལྷན་ཁང་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་དང་ལས་ཁུངས་སྒྲིག་ཨུས་མཉམ་དུ་གནད་ཁེལ་ལྟ་ཞིབ་བྱས་ཏེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཕན་འབྲས་ཐོབ་པར་འགན་སྲུང་བྱས།

མི་ཕམ་མགོན་པོས་བསྒྱུར།