བསྟུད་མར་ཉིན་འདི་འགར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་དེ་བརྗོད་དོན་སློབ་གསོའི་གོ་རིམ་ཡོངས་དང་འཁོར་ཚིགས་སོ་སོ་རུ་ཁྱབ་པར་བྱས་ནས། ཞིང་ཆེན་ཏང་ཨུས་གཞི་རིམ་ཏང་འཛུགས་བྱ་བར་བཏོན་པའི་གཅིག་ཅན་དྲུག་གི་རེ་བར་ཚད་བསྡུར་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་དོན་དངོས་ལ་རྐང་བཙུགས་ནས། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། རྣམ་འགྱུར་བརྟན་པོར་བརྟེན་ནས། བརྟག་དཔྱད་ཞིབ་འཇུག་ཅེས་པའི་ཐབས་བཟང་ཏན་ཏིག་གིས་བཀོལ་སྤྱོད་བྱས་ཏེ། དཀའ་གནད་ཐག་གཅོད་པའི་ཐབས་ཤེས་རྙེད་ཡོད།
བརྟག་དཔྱད་རྣམ་པ་ཚན་རིག་དང་མཐུན་པ་དང་། ཞིབ་འཇུག་གི་དཔྱད་གཞི་གནས་ལུགས་དང་མཐུན་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མ་ལག་རང་བཞིན་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྔོན་སྐྱོད་རང་བཞིན་གྱི་བསམ་གཞིགས་ལ་ཤུགས་བསྣན་ནས། མགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་འཛིན་པ་དང་། ཚན་ཁག་གི་ཁོངས་མིས་དངོས་སུ་འཛིན་པ། སྡེ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ཁྱོན་ཡོངས་ནས་སྤེལ་བ་བཅས་ཀྱི་བརྟག་དཔྱད་བྱ་བའི་རྐྱེན་སྲོལ་བཙུགས། ཕན་ཚུན་འབྲེལ་གཏུག་བྱེད་པའི་རྣམ་པར་བརྟེན་ནས། ཞབས་འདེགས་ཞུ་ཡུལ་དང་། སྡེ་ཁག་ཚན་ཁག་དག་གིས་བརྟག་དཔྱད་བརྗོད་གཞི་དང་དམིགས་འབེན་ལས་འགན་ཐད་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན་ནས། རིན་ཐང་ཅན་གྱི་བསམ་འཆར་དག་ལེགས་སྒྲིག་བྱས་རྗེས་གཅིག་ཅན་དྲུག་གི་རེ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་པའི་བླང་བྱ་དང་ཟུང་འབྲེལ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད། གཙོ་གནད་བཅས་ཀྱི་གནད་དོན་ལ་ཁ་གཏད་དེ། འཆར་འགོད་དང་ལས་གཞིའི་རྣམ་གྲངས། དུས་ཚོད་བཀོད་སྒྲིག ས་གནས་དང་མི་སྣ། བྱེད་ཐབས་དང་བྱ་བའི་རེ་བ་སོགས་གཏན་ཁེལ་ཞིབ་མོ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་བྱ་བ་དེ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ།
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམས་ཀྱིས་སོ་སོར་བརྟག་དཔྱད་ཚན་ཁག་ལྔ་ཡི་མགོ་ཁྲིད་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་དྲུག་ལ་བརྟག་དཔྱད་བྱས། བརྟག་དཔྱད་བྱེད་སྐབས་གཏན་ཕབ་ཀྱི་བྱ་བ་དང་རང་འདེམས་བྱ་བ་གཉིས་ཟུང་འབྲེལ་བྱས་ཏེ། ཚན་ཁག་རེ་རེས་གནད་དོན་གྱི་གསལ་ཁྲའི་ཁྲོད་ནས་རང་འགུལ་སྒོས་བརྟག་དཔྱད་ཀྱི་གནད་དོན་བདམས་པ་དང་། ཚན་ཆུང་གི་འཆར་གཞི་གཏན་འབེབས་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་གཉིས་ཀྱི་ཏང་ཙུའུ་དང་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་མོལ་ཚོགས་འདུར་ཞུགས། ཡུལ་དངོས་རྟོག་དཔྱོད་དང་བཞུགས་མོལ་བགྲོ་གླེང་། རང་དགར་བཅར་འདྲི་བྱེད་པ། གློག་རྡུལ་རྒྱུགས་ལན་སྤྲོད་པ་བཅས་ཀྱི་རྣམ་པ་ནས་བརྟག་དཔྱད་གཏིང་ཟབ་བྱས་ཏེ། གཞི་རིམ་ལ་ཐབས་ཇུས་འདྲི་བ་དང་མང་ཚོགས་ལ་ཐབས་ཇུས་འདྲི་བ། ལག་ལེན་ལ་ཐབས་ཇུས་འདྲི་བ་བཅས་ཀྱི་བྱེད་སྒོ་སྤེལ།
བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་གོ་རིམ་ཁྲོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག དག་ཐེར་ལེགས་བཅོས། སྤྱི་སྡོམ་བཅས་བྱེད་ཞོར་དུ་བརྟག་དཔྱད་ཞིབ་འཇུག་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་བཏང་། དབྱེ་ཞིབ་ཞིབ་འཇུག་བྱེད་སྐབས། གཏན་འཁེལ་ངོ་བོ་དང་ངེས་ཚད་ཟུང་འབྲེལ་བྱེད་པ་དང་། ཆེ་མཐོང་དང་བྱེ་བྲག་ཟུང་འབྲེལ་བྱེད་པ། འཇགས་རྣམ་དང་འགུལ་རྣམ་ཟུང་འབྲེལ་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཤིང་། སྡེ་ཁག་བརྒལ་བའི་མཉམ་འབྲེལ་གྲོས་མོལ་ནང་རྐྱེན་བཙུགས་ཏེ་ཞིབ་འཇུག་ལ་ཤུགས་སྣོན་དང་གནད་དོན་གྱི་འབྱུང་རྩ་ཡང་དག་པར་བཙལ། གནད་དོན་ཐག་གཅོད་སྐབས། དེ་མ་ཐག་ལེགས་བཅོས་བྱེད་པ་དང་ཡུན་རིང་ལ་རྒྱུན་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་ཁྲོད་རྙེད་པའི་ངེས་པར་མྱུར་མོར་དོན་འཁྱོལ་བྱེད་དགོས་པའི་ལས་དོན་དག་བློ་བརྟན་འགྱུར་མེད་ངང་དུས་ཚོད་དང་པོའི་ནང་དོན་འཁྱོལ་བཟང་བོ་བྱས། གནས་སྐབས་སུ་དོན་འཁྱོལ་བྱེད་དཀའ་ཞིང་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ལས་དོན་ལ་དམ་པོར་དམིགས་ཏེ་གནད་དོན་ཐག་མ་བཅད་ན་ལྷོད་གཡེང་གཏན་ནས་མི་བྱེད་པ་དང་། ཐག་གཅོད་བཟང་བོ་མ་བྱས་ན་ནམ་ཡང་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས། གྲུབ་འབྲས་ཚུལ་སྒྱུར་སྟེང་། བརྟག་དཔྱད་ཞིབ་འཇུག་གྲུབ་འབྲས་བེད་སྤྱོད་དང་ཚུལ་སྒྱུར་བྱེད་པར་མཐོང་ཆེན་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བཟང་བོ་དག་དུས་ཐོག་ཏུ་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར།
ལྷ་མོ་ཚེ་རིང་དང་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བསྒྱུར།