ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ཐོག་མཐའ་བར་གསུམ་དུ་ལག་ལེན་བྱེད་པ།  ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། ཤེས་ལྡན་མི་དོན། ངལ་རྩོལ་འབྲེལ་བ་བཅས་ཀྱི་བྱ་བར་སྤྱི་འདོམས་ཡག་པོ་བྱེད་པ། ཚད་གཞི་མཐོ་བའི་ངང་བརྗོད་དོན་སློབ་གསོར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་དམངས་འཚོའི་ཐད་ཀྱི་རྒྱུགས་ལན་ཡག་པོ་སྤྲོད་དགོས།

ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་སྤེལ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དང་ཕྱོགས་བཅུ་གཉིས་ཐད་ཀྱི་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བར་བཏོན་པའི་བཀོད་སྒྲིག་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བར་དམིགས་པ། ཡིག་ཆའི་དགོངས་དོན་ཁོང་དུ་ཆུད་པ་དང་། གཞི་རྩའི་ཁ་ཕྱོགས་ཁོང་དུ་ཆུད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་གི་གཙོ་གནད་ཞིབ་འཇུག་གཏན་འཁེལ་བྱས་ནས་ལག་བསྟར་ཇུས་གཞི་བཟོ་དགོས། ཏང་ཀྲུང་དབྱང་གི་ངེས་པར་ལྔ་དང་ཞིང་ཆེན་ཏང་ཨུའི་ཕན་འབྲས་བཞིའི་བླང་བྱ་གལ་ཆེན་བརྟག་དཔྱད་ཞིབ་འཇུག་གི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ནས་དོན་དངོས་གནས་ཚུལ་གསལ་རྟོགས་དང་གནད་དོན་གནད་དུ་འཁེལ་བར་འཚོལ་བ། ཐབས་ཇུས་གནད་དུ་འཁེལ་བ་འདོན་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དཀའ་གནད་སེལ་བའི་བྱེད་ཐབས་འཚོལ་བ་དང་བྱ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་བཙལ་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱ་བར་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ལས་ཞུགས་བརྟན་འཇགས་ཡོང་བའི་སྲིད་ཇུས་སྔར་ལས་ཞིབ་ཚགས་དང་ཏན་ཏིག་གིས་སྤེལ་བ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤེལ་བ་རེད། རང་འགུལ་ངང་མཐུན་སྦྱོར་ས་ཁུལ་དང་འབྲེལ་གཏུག་བྱས་ནས་ངལ་ནུས་ཕྱིར་གཏོང་འབྲེལ་མཐུད་ལས་སྟེགས་བཙུགས་པ་དང་། ཞིང་པ་ལས་མི་ཁྲི་དྲུག་དང་སྟོང་བདུན་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་དེ་ཞིང་ཆེན་ཕྱི་རོལ་གྱི་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་། ཐོན་ལས་ས་ཁུལ་བཞི་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཏང་ཨུའི་འཇོན་མིའི་གཞུང་སྒྲུབ་ཁང་དང་ལྷན་དུ་2023ལོའི་ཕྱི་རོལ་ནས་ཤེས་ལྡན་མི་སྣ་ནང་འགུག་བྱེད་པའི་བྱ་བ་སྤེལ་བ་དང་། 2023ལོའི་བོད་འབྲེལ་རང་སྐྱོང་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་འཆར་གཞིའི་སློབ་མ་འདེམས་བསྐོའི་བྱ་བ་བཀོད་སྒྲིག་བྱས་ནས་རྩལ་ནུས་ཤེས་ལྡན་མི་སྣའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་། གླ་ཆ་ཆད་འགྱངས་བྱས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས《གླ་ཆ་ཆད་འགྱངས་དང་འབྲེལ་བའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་གཟའ་འཁོར་རེར་བཀོད་གཏོང་དང་ཉིན་རེའི་སྙན་ཞུ་ལག་བསྟར་བྱས་པ་དང་། ད་ལོའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ངལ་རྩོལ་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་སྡོམ་གླ་ཆ་ཆད་འགྱངས་ཀྱི་གྱོད་གཞི་སྟོང་གཅིག་དང་བརྒྱ་དང་སོ་བཞི་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་དང་། ཞིང་བ་ཞོར་ལས་པའི་གླ་ཆ་ཆད་འགྱངས་ཀྱི་ཐེར་འདོན་ཞུ་གཏུག་གྱོད་གཞི་མཇུག་སྒྲིལ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།

ཤ་བོ་གསེར་མཚོས་བསྒྱུར།