ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་སོ་དྲུག་པས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 63

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། བསྟུད་མར་ཉིན་འགའི་རིང་ལ་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་སོ་དྲུག་པས་ནན་ཏན་གྱིས་རང་འགན་གཙང་སྒྲུབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་སྐྲུན་པའི་རྩ་བའི་བླང་བྱ་དེ་ཁོང་དུ་ཆུད་པར་བྱས་ནས་འབྲེལ་གཏུག་ཚན་ཁག་ལྔ་དང་མཉམ་དུ་ཤུགས་མཉམ་བརྒྱག་དང་ལན་མཉམ་འདེབས། མཉམ་དུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཁྲོད་བརྗོད་དོན་སློབ་གསོ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་སོ་དྲུག་པས་ཁྲིད་སྟོན་བྱེད་པའི་ལས་ཁུངས་ལྔ་ནི་ཚོང་དོན་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་དང་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་བཅས་ཡིན་ལ། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཛུབ་སྟོན་ཚན་ཆུང་གིས་གཞུང་ལུགས་སློབ་སྦྱོང་གི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། གཟབ་ནན་དང་དོན་དངོས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། འབེན་ཡོད་སར་མདའ་འཕེན་པའི་སྒོ་ནས་ལས་ཁུངས་སོ་སོའི་གནས་ཚུལ་ངོ་སྤྲོད་ལ་ཉན་པར་མ་ཟད། གཞི་རིམ་དུ་རྟོག་ཞིབ་དང་བཞུགས་མོལ་བརྗེ་རེས་སོགས་བྱས། ཅི་ཞིག་བསྒྲུབ་རྒྱུ་དང་། ཇི་ལྟར་བསྒྲུབ་རྒྱུ། སུས་སྒྲུབ་རྒྱུ་བཅས་ལས་འགན་ཁག་གསུམ་གྱི་གསལ་ཐོ་བཟོས་ནས་བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་ཡོངས་འགྲུབ་ཀྱི་དུས་བཀག་ཁ་གསལ་བཟོས་ཏེ་ལས་ཁུངས་སོ་སོས་དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ་དང་རེའུ་མིག་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་མཛུབ་སྟོན་བྱས།

མཛུབ་སྟོན་ཚན་ཆུང་གིས་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ལྟ་སྐུལ་ཞིབ་བཤེར་རྣམ་པར་བརྟེན་ནས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཉིས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཁྲལ་གྲོན་སྲིད་ཇུས་དོན་འཁྱོལ་དང་དམངས་བདེ་ཁྲལ་གཉེར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ཆེད་ཁེའི་ཚོང་རྟགས་ཞིབ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡིས་དུས་ཐོག་ཏུ་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་ལོ་གསུམ་མཁྲེགས་གཏོར་འགུལ་སྐྱོད་སྤེལ་བ་བཅས་ལ་མཛུབ་ཁྲིད་བྱས།

ཤ་བོ་གསེར་མཚོས་བསྒྱུར།