ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་དང་འགག་རྩའི་གནད་དོན། སྡོམ་རྩིས་ལས་རིགས་འཕེལ་རྒྱས་ལ་འགག་རྒྱ་བཟོ་བའི་གནད་དོན་བཅས་ལ་དམིགས་ཏེ། གཞི་རིམ་སྡོམ་རྩིས་སྡེ་ཁག་དང་། ཁེ་ལས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། རྟོག་ཞིབ་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པ་དང་། བྱ་བ་ལེགས་སྒྱུར་བྱེད་པའི་དོན་དངོས་བྱེད་ཐབས་སུ་འགྱུར་བར་བྱས་ལ། བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་ལག་ལེན་དང་། མཛུབ་སྟོན་ལག་ལེན། སྐུལ་འདེད་ལག་ལེན་བཅས་ཁག་ཐེག་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས། ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་ཅུའུ་ཡི་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་ཧྭ་རོས་གློག་ཤུགས་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཐེན་ཡུས་འཛུགས་སྐྲུན་བཟོ་སྐྲུན་ཚད་ཡོད་ཀུང་ཟི་སོགས་སུ་སོང་ནས། ཁེ་ལས་བདག་གཉེར་གནས་ཚུལ་དང་། སྲིད་ཇུས་དངོས་འབེབས་གནས་ཚུལ། ཐོན་ནུས་རྒྱ་བསྐྱེད་རེ་འདུན་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁེ་ལས་ལ་རོགས་བྱས་ཏེ་དགོས་མཁོ་བསྐངས་བ་དང་ཁེ་ལས་འཕེལ་རྒྱས་ལ་རོགས་ཤུགས་བཏོན། ཁེ་ལས་ཀྱི་དཀའ་གནད་དང་འགག་རྩའི་གནད་དོན་ལ་དམིགས་ཏེ། སྡོམ་རྩིས་ཀྱི་ཟུར་ཚད་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་། བྱེད་ཐབས་དང་ཐབས་ལམ་བཏོན་ནས་འབད་པ་ཆེན་པོས་གནད་དོན་སེལ་ཐུབ་བྱས།

རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཁ་གཏད་རང་བཞིན་གྱི་སྲིད་ཇུས་བཏོན་པ་དང་། བརྟག་དཔྱད་གྲུབ་འབྲས་དེ་སྲིད་ཇུས་གྲུབ་འབྲས་དང་ལམ་ལུགས་གྲུབ་འབྲས་སུ་འགྱུར་བར་བྱས།  ཐཱན་གཉིས་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་གཙོ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་བྱས། རིག་གནས་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་དང་། དམངས་གཉེར་དཔལ་འབྱོར། རྒན་གསོ། ས་ཁོངས་བདག་ཁང་ཁྲོམ་ར། རླངས་འཁོར་འཛད་སྤྱོད་སོགས་སྤྱི་ཚོགས་དམངས་ཚིས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་ཆེད་དོན་རྟོག་ཞིབ་བྱས། སྡོམ་རྩིས་ལས་རིགས་ཀྱི་འཕེལ་རྒྱས་དང་རང་ངོས་འཛུགས་སྐྲུན་གཙོར་བཟུང་སྟེ། སྡོམ་རྩིས་སྡེ་ཁག་ཏུ་སོང་ནས་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་ལ་སྡོམ་རྩིས་རྒྱག་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་སྡོམ་རྩིས་རྒྱག་པ། གཞི་རིམ་སྡོམ་རྩིས་དྲ་རྒྱ་དང་གཞི་གྲངས་བདེ་འཇགས་དོ་དམ་སོགས་བརྗོད་སྙིང་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། སྡོམ་རྩིས་ཀྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་།

ཉེ་ལམ་སྤེལ་བའི་ཆེད་དོན་བཅོས་སྐྱོང་དང་མགོ་ཁུངས་གཞི་གྲངས་ཞིབ་བཤེར་གྱི་འགུལ་སྐྱོད་དང་། གཞི་རྩའི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་བཅོས་སྐྱོང་དང་བརྗོད་དོན་སློབ་གསོ་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་། ཁེ་ལས་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་ཡུལ་དངོས་བཅར་འདྲི་བྱས་ནས། ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་དང་། མིག་སྔར་གྱི་ལས་རིགས་འཕེལ་རྒྱས་ཀྱི་གནས་བབ། དངོས་སུ་འཕྲད་པའི་དཀའ་གནད་དང་གཙོ་གནད། རེ་ཞུའི་བསམ་ཚུལ་སོགས་རྒྱུས་ལོན་གཏིང་ཟབ་བྱས།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།