ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.06.01 ཁུངས། ཀློག་གྲངས། 59

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡིས་བརྟག་དཔྱད་ཞིབ་འཇུག་ཆེན་མོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཤིང་། བཙོན་ཁང་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་གྱི་མཐའ་བསྐོར་ནས།  རྟོག་ཞིབ་དཔྱད་གཞི་འབུར་ཐོན་དང་། རྟོག་ཞིབ་ཁ་ཕྱོགས་གསལ་བོ་བྱས་ཏེ། གཞི་རིམ་གྱི་ཉམས་མྱོང་ཁྲོད་ནས་གནད་དོན་ཐག་གིས་གཅོད་པའི་ཐབས་ལམ་རྙེད་པར་བྱས་ཤིང་། ཞིབ་འཇུག་ལས་བྱ་བའི་རིག་ལམ་གྱི་བྱེད་ཕྱོགས་ལེགས་སྒྱུར་བྱེད་པའི་རེ་བ་བཏོན་ཞིང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཕན་འབྲས་སུ་བསྒྱུར་བར་འབད་པ་བྱས། 

རྟོག་ཞིབ་ཁྲོད། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཏང་རྩ་འཛུགས་དང་རིགས་སོ་སོའི་བཙོན་ཁང་གི་ཏང་རྩ་འཛུགས་ཁོངས་མིས་དངོས་ཐོག་བདེན་འཚོལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། དཔྱད་གཞི་ལ་རྟོག་ཞིབ་བྱེད་པའི་དུས་མཉམ་དུ། རྟོག་ཞིབ་ཁྲོད་རྙེད་པའི་གནད་དོན་གསར་བ་དང་། བཅོས་སྒྱུར་འཕེལ་རྒྱས་ཁྲོད་གནས་པའི་གཏིང་ཟབ་རིམ་པའི་གནད་དོན། ཏང་གི་འཛུགས་སྐྲུན་ཁྲོད་འཕྲད་པའི་འབུར་ཐོན་གནད་དོན་བཅས་ལ་གཞིགས་ཤིང་། ལྷག་པར་མི་དམངས་མང་ཚོགས་དང་གཞི་རིམ་དམངས་དམག་བྱ་བའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གྱི་མཐའ་བསྐོར་ནས། གཟབ་ནན་གྱིས་སྤྱི་བསྡོམས་བྱས་ཤིང་། འབྱུང་རྩ་ལ་དབྱེ་ཞིབ་བྱས་ཏེ། བདེ་འཇགས་བརྟན་འཇགས་དང་བཙོན་ཁང་སྒྱུར་བཀོད། རུ་ཁག་འཛུགས་སྐྲུན། ཚད་ལྡན་ལག་བསྟར་བཅས་ཀྱི་ཁྲོད་ཀྱི་ཞན་ས་ལེགས་སྒྱུར་བྱེད་པ་དང་། ལེགས་བཅོས་ཀྱི་བྱ་བ་གཏན་འབེབ་བྱས་ནས། འཕེལ་རྒྱས་ཀྱི་བྱེད་ཐབས་དང་ཐབས་ལམ་ལ་སྐུལ་འདེད་བཏང་། དུས་མཉམ་དུ། ཀྲུང་དབྱང་གི་གཏན་འབེབ་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་ཀྱི་དགོངས་པ་གཟབ་ནན་གྱིས་ལག་བསྟར་བྱས་ཤིང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཁོར་ཉུང་སྟབས་བདེ་དང་། དངོས་གཉེར་སྲི་ཚགས་རྒྱུན་འཁྱོངས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རིང་དུ་སྤངས་ཏེ། གཞི་རིམ་དམངས་དམག་ལས་བཟོ་བའི་བརྩེ་བ་ཟབ་མོའི་ཁྲོད་དུ། གཞི་རིམ་ལ་བསྐྱོད་པ་དང་། འཐབ་ས་དང་པོར་བསྐྱོད་པ། དོན་དངོས་དང་ཐག་ཉེ་བ། དོན་དངོས་ལ་ཞིབ་བཤེར་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པ་བཅས་ཀྱི་ཕྱོགས་སུ་ཤུགས་བསྣན། བཙོན་ཁང་མ་ལག་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་བརྟག་དཔྱད་ཞིབ་འཇུག་རུ་ཁག་གིས་བྱ་བའི་མཐུན་སྦྱོར་དང་སྦྲེལ་མཐུད་ལ་ཤུགས་བསྣན་ནས། རྟོག་ཞིབ་ཚན་ཆུང་སོ་སོར་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་ལག་བསྟར་བྱས་ཏེ་གཞི་རིམ་ལ་རྟོག་ཞིབ་སྤེལ་བའི་རེ་བ་བཏོན་པ་དང་། ཅུའུ་ཡི་འགོ་ཁྲིད་ཀྱིས་རྟོག་ཞིབ་ཀྱི་དུས་ཚོད་དང་ས་གནས། བྱེད་ཐབས་བཅས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ནས། རྟོག་ཞིབ་མང་ཞིང་། སྣེ་མང་དང་བསྐྱར་ཟློས་ཀྱི་གནས་ཚུལ་འབྱུང་བ་བཀག་འགོག་བྱེད་དགོས་པ་དང་། རྟོག་ཞིབ་བྱ་བར་དོན་དངོས་ཀྱི་ཕན་འབྲས་རེག་ཏུ་འཇུག་དགོས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།