ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་སུ་སོང་ནས་རོགས་སྐྱོར་བྱེད་པ་དང་ཁྲིམས་སྲོལ་སྲིད་ཇུས་སྒྲོག་འགྲེལ་དང་འགྲེལ་བཤད། ཁོར་སྲུང་ལས་གཞིའི་རོགས་སྐྱོར། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལེགས་སྒྱུར་སོགས་འགུལ་སྐྱོད་ཆེན་པོ་ལྔ་སྤེལ་ནས་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་ཁོར་ཡུག་ཞབས་ཞུའི་བྱ་འགུལ་སྤེལ། མིག་སྔའི་བར་དུ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་གནད་དོན་བཅུ་དྲུག་དང་ལེན་བྱས་ཏེ་ཐག་བཅད།
ཁེ་ལས་སུ་ཟབ་ཞུགས་བྱས་ཏེ་རོགས་སྐྱོར་བཟང་བོ་བྱས། ཁེ་ལས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གནས་པའི་གནད་དོན་ལ་དམིགས་ནས་ཆེད་དོན་ཞིབ་འཇུག་བྱས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འབྲེལ་གཏུག་མི་སྣ་ང་གཉིས་བདམས་མངག་བྱས་ཏེ་ཁེ་ལས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་ཐེངས་བདུན་ཅུ་ཙམ་སྤེལ་ཏེ་ཁེ་ལས་ལ་ཡོད་པའི་དཀའ་གནད་དང་བསམ་འཆར་ལ་རྒྱུས་ལོན་ཟབ་མོ་བྱས།
ཁྲིམས་སྲོལ་སྲིད་ཇུས་སྒྲོག་འགྲེལ་བཟང་བོ་བྱས། ཐེངས་མང་པོར་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ལས་རིགས་གཙོ་བོའི་ཁེ་ལས་སུ་ཟབ་ཞུགས་བྱས་ནས་ཁྲིམས་སྲོལ་སྲིད་ཇུས་སྒྲོག་འགྲེལ་དང་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་པའི་ཞབས་ཞུ་སྤེལ་བ་དང་། ཁེ་ལས་གཙོ་བོ་སོ་གཉིས་ལ་གཅིག་གཏད་གཅིག་གི་དྲི་བར་ལན་འདེབས་པ་དང་ལག་རྩལ་འདྲི་རྟོག་ཞབས་ཞུ་སྤེལ་བར་མ་ཟད། ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་བའི་གནད་དོན་སོ་དགུ་ཡུལ་དངོས་ནས་ཐག་བཅད།
ཡུལ་དངོས་མཛུབ་སྟོན་རོགས་སྐྱོར་བྱ་བ་བཟང་བོར་སྤེལ། སྐོར་གསུམ་དུ་བགོས་ནས་ཚྭ་འདབ་ཆེ་བའི་གཏེར་ལས་སོགས་ཁེ་ལས་བཅུ་ལྷག་ཏུ་ཟབ་ཞུགས་བྱས་ནས་ཁེ་ལས་གཙོ་བོའི་ཐོན་སྐྱེད་བདག་གཉེར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་གནས་ཚུལ་དང་དེ་མིན་ཐོན་སྐྱེད་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་ལ་རྒྱུས་ལོན་བྱས། བརྟག་དཔྱད་ཞིབ་འཇུག་ཁྲོད་ཁེ་ལས་ཀྱིས་བཏོན་པའི་རེ་བར་ཞིབ་འཇུག་གྲོས་བསྡུར་དང་རྒྱུ་རྐྱེན་འཚོལ་ཞིབ་བྱས་ཏེ་བཀོལ་ཆོག་པ་དང་དོན་འཁྱོལ་བྱེད་ཆོག་པའི་ཐག་གཅོད་བྱེད་ཐབས་བཏོན་པར་མ་ཟད། ཁེ་ལས་དང་ཁོངས་གཏོགས་ས་ཆའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་དང་བསམ་འཆར་གཅིག་མཐུན་ཡོང་བར་བྱས།
ཁོར་ཡུག་ཐད་ཀྱི་ལྟ་སྐུལ་དོ་དམ་ལེགས་སྒྱུར་བྱས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་ཁྲིམས་འཛིན་རྩིས་ཁྲའི་རིགས་བགར་དོ་དམ་ཁྱབ་སྤེལ་བྱས་ཏེ། མཇུག་འབྲས་ཚབས་ཆེན་བཟོས་མེད་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེས་ཆད་ཇེ་ཡང་དུ་གཏོང་བའམ་ཡང་ན་ཉེས་ཆད་མི་གཅོད་པར་བྱས། ཡུལ་དངོས་ཞིབ་བཤེར་གོ་རིམ་ཁྲོད་འབག་བཙོག་འགོག་བཅོས་ལག་རྩལ་གྱི་ཟུར་ཁྲིད་དང་། ལྗང་མདོག་ཐོན་སྐྱེད་དང་ཁོར་སྲུང་དོ་དམ་གསལ་འདེབས་ལ་ཤུགས་བསྣན་ཏེ་ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།