མཚོ་སྔོན་ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱིའི་རུ་ཁག་གིས་བརྗོད་དོན་སློབ་གསོ་སྤེལ།
2023.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱིའི་རུ་ཁག་གིས་སྣེ་ཁྲིད་དང་དངོས་གཉེར། མཉམ་ལས་བྱེད་པའི་ཐད་ཤུགས་འདོན་པ་དང་འཇོན་ཐང་མངོན་པར་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་མེ་གསོད་མྱུར་སྐྱོར་སྤྱིའི་རུ་ཁག་གི་འགོ་ཁྲིད་གཙོ་བོ་བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དང་། ཕྱོགས་བསྡུས་མེ་གསོད་མྱུར་སྐྱོབ་འཕྲལ་བསྟུན་རུ་ཁག་ཏུ་སོང་ནས། ཏང་གི་གསར་གཏོད་གཞུང་ལུགས་མགོ་ཁྲིད་དེ་སློབ་སྦྱོང་བྱས་པ་དང་སྒྲོག་འགྲེལ་བྱས་ལ། གནད་འགྲོལ་བསམ་ཕྱོགས་ལ་ཞིབ་འཇུག་གྲོས་སྡུར་བྱས་པ་དང་། ཐུན་མོང་གི་ལྟ་བ་གྲུབ་པར་བྱས་ཏེ། གནད་འགག་གྲངས་ཉུང་གིས་མང་ཆེ་ཤས་ལ་སྣེ་ཁྲིད་བྱེད་པ་མངོན་འགྱུར་བྱས། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་ཏེ། ཉིན་རེར་ཁྲུའུ་དང་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣ་བཀོད་སྒྲིག་བྱས་ནས་ཁྲིད་ཀློག་བྱས་པ་དང་། ཚན་ཁག་གི་ཁོངས་མིས་དྲི་བ་འདོན་པ་དང་བརྗེ་རེས་རྣམ་པའི་གཏམ་བཤད་བྱས་ནས། བརྗོད་དོན་སློབ་གསོར་སྔར་ལས་གསོན་ཉམས་ལྡན་པ་དང་སྔར་ལས་དྲོད་ཁོལ་ལྡན་པར་བྱས།

ཟུར་ཁྲིད་འཆད་ཁྲིད་ཀྱི་བློ་སྒོ་འབྱེད་པའི་སློབ་སྦྱོང་དང་དཔྱད་གཞིའི་ཡིག་ཆ་སྒྲིག་འགྲེམ་བྱེད་པའི་རྗེས་འདེད་སློབ་སྦྱོང་། ཁ་པར་སྐད་འཕྲིན་གྱི་ངོ་སྤྲོད་སློབ་སྦྱོང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་གྱི་ཆེད་དོན་སློབ་སྦྱོང་། བསམ་བློ་བརྗེ་རེས་ཀྱི་སློབ་སྦྱོང་བཅས་སློབ་སྦྱོང་ལྔའི་མ་དཔེ་བཙུགས་ནས། སློབ་སྦྱོང་ཟབ་མོ་དང་སློབ་སྦྱོང་མཐིལ་རྟོགས་བྱེད་པར་ཁག་ཐེག་བྱས། ཁང་པའི་ནང་དུ་སློབ་ཁྲིད་བྱེད་པའི་ཚུལ་དེ་བསྒྱུར་ནས། མི་སྣ་བཀོད་སྒྲིག་བྱས་ཏེ་གསར་བརྗེ་སློབ་གསོའི་རྟེན་གཞི་རུ་སློབ་སྦྱོང་བྱེད་པར་མངགས་པ་དང་། རིག་སྟོབས་ཏང་དོན་སྟེགས་བུ་ཁྱབ་གདལ་དུ་བཏང་ལ། ཏང་ཀྲི་པུའུ་བརྒྱ་དང་སོ་བརྒྱད་རྩ་འཛུགས་བྱས་ནས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། མཉམ་དུ་འབད་འཐབ་བྱེད་པའི་གཞུང་ལུགས་འགྲན་རྩོད་འགྲན་བསྡུར་བསྡུས་པ་དང་། ལྒང་ལི་འགྲན་བསྡུར་སྤེལ་ལ། རིག་རྩལ་རུ་ཁག་བཙུགས་ནས་གཞི་རིམ་གྱི་སྡེ་ཁག་བཅུ་གཉིས་སུ་སོང་ནས་གཞུང་ལུགས་དང་རིག་རྩལ་མཉམ་འབྲེལ་གྱི་འཚམས་འདྲི་འཁྲབ་སྟོན་སྤེལ་ནས། བརྗོད་དོན་སློབ་གསོ་གསོན་ཤུགས་ལྡན་པར་སྤེལ།

ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱིའི་རུ་ཁག་ཚན་ཁག་གི་ཁོངས་མིས་ཚན་ཆུང་ཁྲིད་དེ་སོ་སོར་ཡན་ལག་རུ་ཁག་རིམ་པའི་སྡེ་ཁག་བཅུ་དང་། མཚོ་འཕགས་རྨིད་སྟོང་གསུམ་ཡན་གྱི་གཞི་རིམ་རུ་ཁག་ས་ཚིགས་སོ་གཉིས་ལ་སོང་ནས། གཅིག་ཅན་བཞིའི་བརྟག་དཔྱད་བྱ་འགུལ་སྤེལ་བ་དང་། གཞི་རིམ་གྱི་བསམ་ཚུལ་བསྡུ་རུབ་བྱས་པ་དང་གནད་དོན་གསལ་ཁྲ་སྒྲིག་བཟོ་བྱས་ནས། དོན་བཟང་སྒྲུབ་སྟེ་བཀོད་འཐབ་པ་ཡིད་ཚིམས་པར་བྱས། དེ་དང་མཉམ་དུ། རང་འགུལ་གྱིས་གཙོ་འགན་མཉམ་བསྲེས་བྱས་པ་དང་། སྡེ་ཁག་གཙོ་བོར་སོང་ནས་མཉམ་འབྲེལ་སྒོས་ལྐོག་བཤེར་ལྟ་ཞིབ་བྱས་པ་དང་། དུས་མཉམ་དུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་མེ་གསོད་བདེ་འཇགས་ཐད་ཀྱི་རྟོག་ཞིབ་ཆེན་པོ་དང་གསོ་སྦྱོང་ཆེན་པོ། བཅོས་སྐྱོང་ཆེན་པོ། འགྲན་བསྡུར་ཆེན་པོ། འཁྲབ་སྦྱོང་ཆེན་པོ་བཅས་བྱ་འགུལ་ཆེན་པོ་ལྔ་སྤེལ་བ་དང་། མེ་སྐྱོན་མི་འབྱུང་བའི་གནས་བབ་བརྟན་འཇགས་སུ་བཏང་བར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས། ལས་སྒོའི་རྐང་འཛིན་པ་ཞིང་ཆེན་ཕྱི་རུ་མངག་གཏོང་བྱས་ནས་ཆུ་ཁོངས་མྱུར་སྐྱོབ་གསོ་སྦྱོང་སྤེལ་བ་དང་། མེ་གསོད་མྱུར་སྐྱོབ་རྐང་འཛིན་པ་ཞིང་ཆེན་ཕྱི་རུ་སོང་ནས་རྟོག་ཞིབ་ཐད་ཀྱི་བརྗེ་རེས་གྲོས་ཚོགས་བསྡུས་ལ། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཁུལ་བཞི་དང་སྲོག་ཤིང་གཅིག་གི་མེ་གསོད་མྱུར་སྐྱོབ་སྟོབས་ཤུགས་མ་ལག་འཛུགས་སྐྲུན་བྱེད་པར་ཟུང་སྦྲེལ་བྱས་ཏེ། དཔུང་སྡེའི་འཐབ་འཛིང་ནུས་པ་མཐོར་འདེགས་བཏང་།


རིན་ཆེན་མཚོས་བསྒྱུར།