ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད།    ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་ཚུལ་སྒྱུར་བྱས་ཏེ་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག   ལྟ་ཞིབ་དག་བཅོས།   འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་ཐད་ཤུགས་བསྣན་ནས་བརྗོད་དོན་སློབ་གསོར་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཡོད་ལས་བྱེད་པས་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་པ་དང་།   ཀུང་ཟི་ཚུལ་སྒྱུར་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་དང་འགག་གནད་ཞིབ་འཇུག་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་སློབ་གསོ་དེ་བདེ་འཇགས་ཐོན་སྐྱེད་དང་བདག་གཉེར་དབྱེ་ཞིབ།   ཚུལ་སྒྱུར་འཕེལ་རྒྱས་བཅས་དང་མཉམ་བསྲེས་བྱེད་པར་དམིགས་ནས་ཆེད་དོན་བགྲོ་གླེང་རྣམ་པའི་སློབ་སྦྱོང་རྒྱ་ཆེར་སྤེལ།     སྔ་གཞུག་ཏུ་གཅིག་བསྡུས་སྣེ་ཁྲོད་སློབ་སྦྱོང་ཐེངས་བདུན་དང་ཆེད་དོན་བགྲོ་གླེང་ཐེངས་དྲུག་སྤེལ་ཏེ་བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་རང་གི་བྱ་བ་ཡག་པོར་སྒྲུབ་པ་དང་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱས།

ཀུང་ཟིས་ཐོན་སྐྱེད་བདག་གཉེར་དང་བདེ་འཇགས་ཁོར་སྲུང་།   ལས་གཞི་འཛུགས་སྐྲུན།  ཁེ་ལས་རིག་གནས།   ཏང་འཛུགས་བྱ་བ།  མང་ཚོགས་རྩ་འཛུགས་སོགས་བྱ་བར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གི་འཆར་གཞིའི་རེའུ་མིག་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱས།   ཁེ་ལས་ཀྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ཏེ་གནད་དོན་ཁྲིད་ཕྱོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་པ་དང་།   མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཁྱབ་ཁོངས་ཆེ་རུ་གཏོང་བ།   ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་ཁྲོམ་ར་དབྱེ་ཞིབ་དང་བདེ་འཇགས་ཐོན་སྐྱེད།   ལས་གཞི་འཛུགས་སྐྲུན།   སྒྲིག་གཞིའི་ནང་རྐྱེན་བཅོས་སྒྱུར་སོགས་བརྟག་དཔྱད་ཞིབ་འཇུག་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་།   བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་ཁེ་ལས་ཀྱི་མིག་སྔའི་ཐོན་སྐྱེད་བདག་གཉེར་གྱི་གནད་དོན་དངོས་ཐག་བཅད་དེ་འཕེལ་རྒྱས་ཐད་ཀྱི་གོ་སྐབས་དམ་འཛིན་དང་སྤུས་ཚད་མཐོར་འདེགས་ཐད་དོངས་གཉེར་བྱེད་ཐབས་སྤྱོད་པ།   སྤྱི་འབོར་ཆེ་རུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས།

ཀུང་ཟི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་འགྲན་རྩོད་གསར་པ།  ལས་འགན་གསར་པ།   བླང་བྱ་གསར་པ།   ཁོར་ཡུག་གསར་པ་བཅས་ཟུང་འབྲེལ་དང་།  མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་བྱེད་ནུས་ངེས་གནས་དང་ཐོན་ཁུངས་སྦས་ཤུགས།   བཟོ་ལས་རྨང་གཞི།  ས་ཁམས་ཁྱད་ཆོས་བཅས་ལ་རྐང་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་ཀུང་ཟིའི་སྤུས་ཚད་མཐོ་བའི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་འདོན་ས་ཡག་དག་པར་བཙལ་བ་དང་སློབ་སྦྱོང་བྱེད་ཞོར་དུ་ལག་ལེན་བྱེད་པ་དང་དེའི་ཞོར་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱས།  སྦྱངས་པ་གོ་ཆོད་པ་དང་བསླབ་ནས་སྤྱོད་བཟང་སྐྱོང་བར་སྐུལ་ཏེ་ལྗང་མདོག་ནུས་ཁུངས་འཕེལ་རྒྱས་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་བྱ་བ་སོ་སོ་བརྟན་འཇགས་སྒོས་སྤེལ་བར་སྐུལ་འདེད་བཏང་།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།