ཏང་ལ་ཁ་ཕྱོགས་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་འཕེལ་བར་བྱས་ཏེ། དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་།
དཔྱིད་ཟླ་གཉིས་པ་ནས་དབྱར་འགོའི་བར་དམག་ཡོངས་ཀྱིའབུམ་ཤོག་རིམ་པ་ཡན་གྱི་ཏང་ཨུའི་ལས་ཁུངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྡེ་ཁག་དང་ལས་ཁུང་སོ་སོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་རྒྱུན་འཁྱོངས་བྱས་ནས་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་བསྟར་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བསླབ་ནས་བློ་སྦྱོང་བྱེད་པ་དང་། བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་གྲུབ་འབྲས་ངོ་མ་བླངས།
དམག་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་ནན་ཏན་བླངས་ནས་བརྗོད་དོན་སློབ་གསོའི་ནང་རང་འགུལ་ངང་ཞུགས་པ་དང་། རང་རྟོགས་ངང་བསམ་བློའི་ངར་སྐུལ་དང་ཆབ་སྲིད་བློ་སྦྱོང་། ཏང་གཤིས་སྦྱོང་བརྡར་བཅས་དང་ལེན་བྱས་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་བཅས་བྱས། དམག་ཨུའི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་ལག་ལེན་དུ་བསྟར་ནས་བསམ་བློའི་གོ་རྟོགས་གསར་པ་བསྐྱེད་ནས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་ལག་ལེན་དང་འབྲེལ་མཐུད་བྱས་ཏརེ་བྱས་རྗེས་གསར་པ་འཇོག་བཞིན་ཡོད།
དམག་དཔུང་གིས་བརྗོད་དོན་སློབ་གསོ་སྤེལ་བ་དེ་ཕན་འབྲས་ཁྲིད་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཐར་དམག་འཁྲུག་རྒྱག་ཐུབ་པ་དང་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཐོག་འཇོག་དགོས། ལས་ཁུངས་ནས་དམག་དཔུང་བར་དང་། སྦྱོང་བརྡར་བྱེད་ས་ནས་ལས་འགན་གྱི་འཐབ་ཕྱོགས་དང་པོའི་བར། ནུབ་རྒྱུད་མཐའ་མཚམས་ནས་ཤར་ལྷོའི་མཚོ་རྒྱུད་བར་དུ། རིམ་པ་སོ་སོའི་ཏང་ཨུ་ཡིས་དམག་དཔུང་འཛུགས་རྒྱུའི་ལོ་བརྒྱ་ཡི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱ་རྒྱུར་དམ་པོར་དམིགས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ནས་འཐབ་ཕོད་འཐབ་མཁས་དང་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ལྷག་བསམ་རྣམ་དག་གི་དད་སེམས་དང་། ཆབ་སྲིད་ཀྱི་འདུ་ཤེས། འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དེ་དམག་གྲབས་དམག་འཐབ་དང་མཁྲེགས་གཏོར་དཀའ་སེལ་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ། བསམ་པའི་རྣམ་འགྱུར་འཕེལ་བ་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དམག་དཔུང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྔར་ལས་མཐུན་སྒྲིལ་གཅིག་གྱུར་མངོན་འགྱུར་བྱེད་པ་དང་། དམག་དཔུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་མ་གཏོང་བཞིན་ཡོད།
ཤ་བོ་གསེར་མཚོས་བསྒྱུར།