བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྗོད་དོན་སློབ་གསོའི་རྩ་བའི་ལས་འགན་ལ་དམ་དུ་དམིགས་ཏེ་དུས་སྐབས་སྔོན་མའི་གཞུང་ལུགས་སློབ་སྦྱོང་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གཞི་གྲངས་ལ་རྒྱུས་ལོན་བྱེད་པའི་རྨང་གཞིའི་སྟེང་། སློབ་སྦྱོང་གི་གྲུབ་འབྲས་ཚུལ་སྒྱུར་ལ་མཐོང་ཆེན་བྱས་པ་དང་། བྱེད་ཐབས་སྣ་མང་གི་ལག་ལེན་བྱ་འགུལ་སྤེལ་ཏེ་བསླབ་ནས་བློ་སྦྱོང་བྱེད་པ་དང་། བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་།
རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ལྟ་ཞིབ་བྱས། ཏང་ཙུའུ་ཁོངས་མི་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས་ཏང་གཤིས་གྲོས་བསྡུར་ཆེན་མོ་སྤེལ་བ་དང་། ཏང་ཙུའུ་དང་ཏང་ཀྲི་པུའུ་ཡིས་སྤྱོད་ཚུལ་འཛུགས་སྐྲུན་གྱི་ཆེད་དོན་གྲོས་བསྡུར་ཆེན་མོ་སྤེལ་བར་མ་ཟད། ཏང་ཀྲི་པུའུ་སོ་སོས་དྲི་བ་དྲུག་དང་ཞིབ་བཤེར་དྲུག་གི་ཆེད་དོན་གྲོས་ཚོགས་བསྡུས། གྲོས་བསྡུར་ཆེན་མོ་དང་ཆེད་དོན་གྲོས་ཚོགས་སོགས་བརྒྱུད་དེ་ཏང་ཙུའུ་ཁོངས་མི་དང་ཏང་ཡོན་རྣམས་ཀྱིས་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་དང་མི་འདང་སར་ལྟ་ཞིབ་དང་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་ནན་མོ་བྱས་ནས་གནད་དོན་གྱི་རྩིས་ཁྲ་དང་དག་ཐེར་ལེགས་བཅོས་ཀྱི་རྩིས་ཁྲ་བཟོས་པ་དང་། མྱུར་དུ་ཐག་གཅོད་པ་དང་ཡུན་རིང་ལག་བསྟར་བྱེད་པ་ཟུང་འབྲེལ་གྱིས་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ་མི་འགྱངས་པར་འཚོགས་རྒྱུ་ཡིན་པའི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་རྨང་གཞི་བརྟན་པོ་བཏིངས།
གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གནད་ལ་འཁེལ་བ་བྱས། ཏང་ཙུའུ་ཁོངས་མིས་ཚན་ཆུང་གི་སྣེ་ཁྲིད་དེ་གྲོང་ཁྱེར་དང་ཁུལ་གྱི་འཐབ་ཕྱོགས་དང་ཞབས་འདེགས་ཞུ་ཡུལ་སྡེ་ཁག་ཏུ་ཟབ་ཞུགས་བྱས་ཏེ་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སྡེ་ཁག་གི་བཀོད་སྒྲིག་དང་འཁོར་སྐྱོད་ནང་རྐྱེན། ཕྱི་དོན་བྱ་བའི་གནས་ཚུལ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་དགོས་མཁོ་བཅས་ལ་རྒྱུས་ལོན་བྱས་པར་མ་ཟད། བྱ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འབུར་ཐོན་གནད་དོན་དང་ཐག་གཅོད་བྱེད་ཐབས། བསམ་འཆར་གྲོས་གཞི་སོགས་ལ་དམིགས་ཏེ་ཡང་བསྐྱར་བརྟག་དཔྱད་ཞིབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གནད་འཁེལ་རང་བཞིན་དང་དམིགས་སའི་རང་བཞིན་ཇེ་དྲག་ཏུ་གཏོང་བ་སོགས་བྱས་ཏེ་ཕྱི་དོན་བྱ་བ་དང་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས།
རང་འགན་ལག་བསྟར་ནན་མོ་བྱས་ཏེ་ཕྱི་དོན་བྱ་བ་དམངས་ཀྱི་ཆེད་དུ་ཡིན་པ་ལག་བསྟར་བཟང་བོ་བྱས། གཏན་འཁེལ་བྱ་བ་ཡོངས་གྲུབ་བྱས་པའི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བ་དང་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་བྱ་བའི་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་བརྗེ་རེས་སྐུལ་སྤེལ་ཚོགས་པའི་ཚོགས་ཞུགས་སྡེ་ཁག་གདན་དྲངས་ནས་བཞུགས་མོལ་ཚོགས་འདུ་བསྡུ་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་བརྗེ་རེས་ངོ་འཕྲད་ཚོང་འགུག་གྲོས་ཚོགས་བསྡུས་ཏེ་འབྲེལ་ཡོད་ཁེ་ལས་ལ་རོགས་བྱས་ནས་རྒྱལ་སྤྱིའི་ཉོ་ཚོང་མཉམ་ལས་སྤེལ་བ། ཕྱི་དོན་བྱ་བའི་སྒྲིག་ཁྲིམས་གསོ་སྦྱོང་ཚོགས་འདུ་བསྡུ་བ་སོགས་བྱས་ཏེ་ཕྱི་དོན་བྱ་བ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་མཛུབ་སྟོན་ཞབས་ཞུ་དང་གཞུང་ཚབ་སྲུང་སྐྱོབ་དྲིལ་སྒྲོག་བྱ་འགུལ་སྤེལ་བ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྩ་འཛུགས་བྱས་ནས་ངས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཇུས་འབུལ་བྱེད་ཅེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་སོགས་བྱས་ཏེ་དོན་དངོས་སྒྲུབ་ནས་དམངས་ཀྱི་དཀའ་གནད་སེལ་ཏེ་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།