མཚོ་སྔོན་སློབ་ཆེན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་སློབ་ཆེན་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་སློབ་ཆེན་གྱིས་སློབ་གསོས་ཏང་ཡོན་དང་ལས་བྱེད་པ། དགེ་སློབ་བཅས་ལ་སྣེ་ཁྲིད་དེ་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བྱ་བར་མཛུབ་སྟོན་བྱས་པ་དང་། བརྗོད་དོན་སློབ་གསོ་སེམས་གཏིང་དུ་སིམ་པར་བྱས་ཏེ། གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོའི་དོན་དངོས་གྲུབ་འབྲས་གཅིག་ཏུ་བསྡུས་ཏེ་མཚོ་སྔོན་སློབ་ཆེན་གྱི་ཕུལ་བྱུང་ཉམས་མྱོང་གྲུབ་འབྲས་བླངས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་སློབ་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དམིགས་ཏེ། སྣེ་ཁྲིད་ནས་བརྟག་དཔྱད་བྱས་པ་དང་གཙོ་ཁྲིད་ནུས་པ་འབུར་དུ་ཐོན་པར་བྱས། ཕྱོགས་དྲུག་ཐད་ཀྱི་བླང་བར་དམིགས་ནས། གནད་དོན་ཞིབ་བཤེར་གསེད་དཀྲོལ་དང། དག་ཐེར་བྱེད་ཐབས་གསལ་འདོན། དག་ཐེར་བྱ་བར་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབུར་ཐོན་གནད་དོན་རྩད་ཞིབ་གསལ་བོ་བྱས། དོན་དངོས་དང་ཟུང་སྦྲེལ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་དར་སྤེལ་བྱེད་པའི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་དཔར་ནས་བཀྲམ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་བརྟག་དཔྱད་བྱ་གཞི་གཏན་ཁེལ་བྱས་ནས། བརྟག་དཔྱད་ཞིབ་འཇུག་འབུར་དུ་ཐོན་པར་བྱས། ལྟ་སྐུལ་ཚན་ཆུང་བཙུགས་པ་དང་ལྟ་སྐུལ་ཇུས་གཞི་གཏན་འབེབས་བྱས་ཏེ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་དང་། རིགས་བགར་མཛུབ་སྟོན་ཤུགས་དྲག་ཏུ་གཏོང་བ། དུས་ལྟར་རྗེས་འདེད་དོ་སྣང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། བརྗོད་དོན་སློབ་གསོའི་ཁ་ཕྱོགས་མི་ནོར་བ་དང་། རྣམ་པ་མི་འགྱུར་བར་ཁག་ཐེག་བྱས་ལ། ལྟ་སྐུལ་ཞིབ་བཤེར་འབུར་དུ་ཐོན་པར་བྱས།

དུས་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་པ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཀྱི་སྒྲིག་ཆས་ཞིབ་འཇུག་དང་གནད་འགག་ལག་རྩལ་གྱི་མུ་འབྲེལ་བགྲོ་གླེང་གྲོས་ཚོགས་བསྡུས། སློབ་གྲྭའི་དཀྱིལ་སྙིང་བྱ་བ་དང་ཟུང་སྦྲེལ་དམ་པོ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་པའི་སྐོར་གྱི་བླང་བྱ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དང་ཁོངས་གཏོགས་སྨན་ཁང་གིས་མཐོ་སྒང་ནད་ཀྱི་ཁྱད་ལྡན་ནད་ཁང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་ཁང་བཅས་བཙུགས་ནས་སྒོ་བྱང་བཀལ། བརྗོད་དོན་སློབ་གསོ་དེ་སྤྱོད་བཟང་མི་སྐྱོང་དངོས་འབེབས་བྱེད་པའི་གཞི་རྩའི་ལས་འགན་དང་ཟུང་སྦྲེལ་བྱས་ཏེ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི་ཐོག་མའི་སེམས་འདུན་ལ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསླབ་གཞིའི་ནང་འཇོག་པ་དང་། སློབ་ཁྲིད་བྱེད་པ། ཡིད་ལ་འཛིན་པ་བཅས་ཀྱི་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། བློ་སྦྱོང་བཟང་བོས་མི་གཞི་སྐྱོང་བ་དང་། དག་སྲུང་གསར་གཏོད་བྱེད་པའི་རྣམ་པ་གསར་པ་གྲུབ་པར་བྱས།

                                                                                           རིག་འཛིན་སྒྲོལ་མས་བསྒྱུར།