ཞིང་ཆེན་གཞུང་ལམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.06.15 ཁུངས། ཀློག་གྲངས། 57

ཞིང་ཆེན་གཞུང་ལམ་ཅུའུ་ཏང་ཨུ་ཡིས་ཞིང་སྡེའི་གཞུང་ལམ་གྱི་ཟམ་རྙིང་སྒྱུར་བཀོད་དང་སྡེ་བའི་སྲང་ལམ་གྱི་བདེ་འཇགས་འགོག་སྲུང་ལས་གཞི་སྤུས་ཚད་མཐོན་པོས་སྤེལ་བ། རྒྱལ་ལམ་གཉིས་གཅིག་གསུམ་གྱི་ལམ་གསོའི་ལས་གཞི་སྤུས་ཚད་མཐོན་པོས་སྤེལ་བ། རྒྱལ་ལམ་གསུམ་གཅིག་ལྔའི་ལམ་ཐིག་ཉམས་གསོའི་ལས་གཞི་ཆུ་ཚད་མཐོན་པོས་ལག་བསྟར་བྱེད་པ། ཞིང་ཆེན་གྱི་གཞུང་ལམ་གསུམ་ཐིག་གཉིས་ཀྱི་མཁར་དམར་ནས་ལྷོ་སྐོར་ལམ་བར་གྱི་གཞུང་ལམ་ཉམས་གསོ་བྱེད་པ་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་གཞིགས་ནས། སེམས་པ་མང་ཚོགས་དང་སྦྲེལ་ནས་དོན་དངོས་སྒྲུབ་པ་དང་། བརྩེ་བ་ལས་བཟོ་བར་བཅངས་ནས་དཀའ་གནད་སེལ་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དངོས་གཉེར་བདེན་སྒྲུབ་བྱེད་པ་དང་དམངས་ལ་དོན་དངོས་སྒྲུབ་པའི་ཞིབ་ཕྲའི་འགུལ་སྐྱོད་དུ་བསྒྱུར་ནས། ནུས་ཤུགས་ཡོད་རྒུས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ། 

ཞིང་ཆེན་གཞུང་ལམ་ཅུའུ་ཏང་ཨུས་གཞི་རིམ་གྱི་ལས་ཁུངས་རེ་རེར་སོང་ནས། བསམ་འཆར་བསྡུ་ལེན་བྱས་པ་དང་། མང་ཚོགས་ཀྱི་སེམས་གཏམ་ལ་ཉན་ཞིང་། གཞི་རིམ་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། བསྡོམས་པས་ཟམ་རྙིང་སྒྱུར་བཀོད་དང་སྡེ་བའི་སྲང་ལམ་གྱི་བདེ་འཇགས་འགོག་བཅོས་ལས་གཞི་སོགས་དམངས་ཚིས་ལས་གཞི་བརྒྱད་གསེད་བཀྲོལ་བྱས་ཏེ། དུས་ཚོད་རེའུ་མིག་དང་འགན་ཁུར་མི་སྣ། ལས་ཀའི་འཕེལ་རིམ་གནས་ཚུལ་བཅས་ཀྱི་གསལ་ཁྲ་བཟོས་ཏེ། མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱ་བའི་ཕན་འབྲས་མིག་མཐོང་ལག་ཟིན་ཡོང་བར་ཁག་ཐེག་བྱས། 

མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་སྐོར་ནས། གཞུང་ལམ་འགྲམ་གྱི་རླངས་འཁོར་འཇོག་ས་དང་། ལྗོངས་གཟིགས་སྟེགས་བུ་སོགས་ལ་ཉིན་རྒྱུན་བདག་སྐྱོང་བྱེད་པར་ཤུགས་བསྣན་ནས། ཁྱོན་ཡོངས་ནས་གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་སུ་བཏང་། ནོ་མུའུ་ཧོང་དང་མགོ་མང་སོགས་ཀྱི་ཞབས་ཞུའི་ས་ཚིགས་སུ་ཁ་ལོ་བར་རིན་མེད་ཇ་དང་འཁོར་རྒྱུགས་སྨན་སྒམ། སྟབས་བདེའི་ཞིག་གསོ་བྱེད་ས་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། ཞིང་ཆེན་གཞུང་ལམ་ཅུའུ་ཡིས་ཏང་ཡོན་དཔེ་སྟོན་གཞུང་ལམ་སྤྱི་ལེ་ལྔ་བརྒྱ་དང་གཉིས་ལས་ཤིང་། རང་བྱུང་ཁམས་དང་འདྲེས་ཤིང་། ཡུལ་ལྗོངས་མཛེས་ལ། ཁྱད་ཆོས་འབུར་དུ་ཐོན་པ་དང་། བར་ཐག་འོས་འཚམ་ཡིན་པ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ལྗོངས་རྒྱུའི་ལམ་ཆེན་ཞིག་བཏོད་ཡོད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།