ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.06.16 ཁུངས། ཀློག་གྲངས། 55

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ལྟ་བཤེར་དག་ཐེར་བྱས་བཅས་ཏེ། ཚད་བསྡུར་དཔེ་བསྡུར་གྱིས་གསལ་ཁྲ་འགོད་པ་རྒྱུན་འཁྱོངས་བྱས་པ་དང་། བརྟག་དཔྱད་ལྟ་བཤེར་ལྟ་སྐུལ་བཅས་ཀྱི་རྣམ་པ་ལ་བརྟེན་ནས། ཕྱོགས་བསྡུས་དག་ཐེར་ལེགས་བཅོས་ལ་ཕན་འབྲས་དངོས་ཐོབ་ཏུ་བཅུག 

བརྟག་དཔྱད་བྱེད་ཞོར་དུ་ལྟ་བཤེར་བྱས། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བདེ་ཐང་མཚོསྔོན་འགུལ་སྐྱོད། འཕྲོད་བསྟེན་འཇོན་མིའི་ཐོན་ཁུངས། སྨན་བཅོས་དང་ཁམས་གསོ་ཟུང་སྦྲེལ་སོགས་གནད་དོན་གལ་ཆེན་ལ་བརྟག་དཔྱད་བྱེད་པའི་ཇུས་གཞི་བཟོས་ཏེ། གནད་དོན་ཁྱེར་ནས་གཞི་རིམ་དུ་བསྐྱོད་པ་དང་། མཚོ་སྔོན་ཞིང་ཆེན་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་བརྟག་དཔྱད་ནང་དོན་གཙོ་བོ་བཅུ་ལྷག་ལ་གྲུབ་འབྲས་བླངས། ལས་གཞི་གལ་ཆེན་དངོས་འབེབ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་སྙོམ་སྒྲིག་ལ་བསམ་ཚུལ་འདོན་པ། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ། གཞི་རིམ་སྨན་བཅོས་སྤྱི་བའི་མ་ལག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཕྱོགས་སུ་ལྟ་སྐུལ་བྱས་ནས། མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་དང་། སྨན་ཡོན་དཀའ་བ། སྨན་བཅོས་བྱེད་པར་འགྲོ་བའི་ལམ་ཐག་རིང་བ་བཅས་ཀྱི་གནད་དོན་སེལ་རོགས་བྱས། ལས་གཞི་སྐུལ་སྤེལ་ལོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། ལས་འགན་གཙོ་བོ་དམིགས་སུ་བཟུང་ནས། འཐབ་ས་དང་པོའི་བྱ་བ་སྒྲུབ་སྟངས་དངོས་འབེབ་བྱས་ཏེ། ཡུལ་དངོས་ནས་གནད་དོན་ཕུ་འདེད་བྱེད་པ་དང་། དཀའ་གནད་སེལ་བ། བྱ་བར་སྐུལ་སྤེལ་བྱེད་པ་བཅས་དངོས་འབེབ་གང་ལེགས་བྱས། 


གནད་དོན་ལ་ཞིབ་བཤེར་བྱས་ཏེ་གསལ་ཁྲ་བཟོས། ཁ་གཏད་གཉིས་ལ་དམིགས་ནས། འཕྲོད་བསྟེན་བདེ་ཐང་བྱ་བའི་འགན་ནུས་དེ་བརྟག་དཔྱད་ཁྲོད་རྙེད་པའི་གནད་དོན་དང་། འཕེལ་རྒྱས་ཁྲོད་དུ་འཕྲད་པའི་གནད་དོན། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་བཅས་དང་ཟུང་འབྲེལ་བྱས་ནས། གནད་དོན་གྱི་གསལ་ཁྲ་མ་ལག་རང་བཞིན་ལྡན་པའི་སྒོ་ནས་བསེད་བཀྲོལ་དང་སྒྲིག་བཟོ་བྱས་ནས། བསྡོམས་པས་ཞིབ་ཕྲའི་གནད་དོན་བཞི་བཏོན་ལ། ཕྱོགས་བསྡུས་དག་ཐེར་གྱི་བྱེད་ཐབས་དོན་ཚན་བཅོ་ལྔ་བཏོན་ནས། དེའི་འགན་ཁུར་བ་དང་འགན་ཁུར་ལས་ཁུངས། ཕྱོགས་བསྡུས་དག་ཐེར་གྱི་དམིགས་ཚད། དུས་ཡུན། འགུལ་རྣམ་གསར་སྒྱུར་གྱི་གནས་ཚུལ་བཅས་གསལ་ཐག་ཆོད་པོ་བཟོས། 

གཙོ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྐྱོང་དམ་འཛིན་བྱས། དཔེ་གཞི་ལ་བརྟེན་ནས་དག་ཐེར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་དང་སྨན་བཅོས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་བ་གཙོར་བཟུང་ནས། བྱ་བའི་ལས་འགན་གྱི་གསལ་ཁྲ་བཟོས་ཤིང་། བྱ་བའི་ཞིབ་ཕྲའི་ལས་འགན་དང་དག་ཐེར་བཅོས་སྐྱོང་གི་རེ་བ་ཞིབ་ཕྲ་བཏོན་ནས། དཔེ་གཞི་ལ་བརྟེན་ནས་དག་ཐེར་བཅོས་སྐྱོང་བྱེད་པའི་སློབ་གསོའི་ཆེད་དོན་བགྲོ་གླེང་དང་། ཐུན་མོང་གཏམ་གླེང་ཚོགས་འདུ། སྲིད་གཙང་ཐུན་མོང་བགྲོ་གླེང་དང་། སྲིད་གཙང་ཉེན་ཟོན་སློབ་གསོ་བཅས་ཀྱི་ཚོགས་འདུ་བསྡུས་ཤིང་། མང་ཚོགས་ལ་བསམ་འཆར་ཆེ་བའི་སྨན་བཅོས་ཁྱབ་ཁོངས་ཀྱི་གནད་དོན་ལ་གཞིགས་ནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་དངོས་སུ་ཐག་བཅད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།