བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་སྦྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པའི་རྒྱུན་བསྐྱངས་ནས་ཆུ་དྭངས་རི་སྔོ་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་དུ་བསྟར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་འབད་པས་བྲིས།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ་བོད་ལྗོངས་ཀྱིས་སློབ་སྦྱོང་དང་བརྟག་དཔྱད་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ཁ་ཕྱོགས་བཙལ་བ་དང་དྲིས་ལན་བཙལ་བ། ཐབས་ལམ་བཙལ་བ་དང་། གནད་དོན་ཁྲིད་ཕྱོགས་ཀྱི་རྒྱུན་བསྐྱངས་ཏེ་ཆེད་དོན་རྟོག་ཞིབ་བསླབ་ཚན་དྲུག་བརྒྱ་དགུ་བཅུ་ལྷག་གཏན་ཁེལ་བྱས།
མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པར་ཤུགས་བཏོན་ནས་ཁུལ་ཁོངས་ཡོངས་ཀྱི་བརྒྱ་ཆའི་ལྔ་བཅུའི་ཡན་གྱི་རྒྱལ་ཁོངས་ས་ཁྱོན་སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའི་ཁྱབ་ཁོངས་སུ་བཞག གནས་བབ་གསར་པའི་འོག ཆུ་དྭངས་རི་སྔོ་གསེར་དངུལ་རི་ལས་ལྷག་པའི་བརྗོད་གཞི་འདི་ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་ལེགས་པར་བསྒྲུབ་པར་བོད་ལྗོངས་ཀྱིས་སྡེ་ཁག་མང་པོ་ནས་རྟོག་ཞིབ་ཚན་ཆུང་མངགས་ནས་རོང་འབྲོག་ཁུལ་དུ་སོང་ནས་དངོས་སུ་བརྟག་དཔྱད་བྱས། བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་ཁ་ཤས་ཀྱི་སྐྱེ་ཁམས་ཆ་རྐྱེན་བཟང་མོད་རང་བྱུང་ལེགས་ཆ་འཕེལ་རྒྱས་ལེགས་ཆ་རུ་བསྒྱུར་བའི་ནུས་ལྡན་བརྒྱུད་ལམ་ཉུང་བར་སྣང་། འདི་ལྟ་བུའི་གནད་དོན་ལ་དམིགས་ནས་བོད་ལྗོངས་ཀྱིས་ཁུལ་ཁོངས་ཧྲིལ་བོའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གཞི་རྩའི་གནས་ཚུལ་གྱི་རྟོག་ཞིབ་བྱེད་མགོ་བརྩམས་པ་དང་། ཐོན་ཁུངས་ཀྱི་འདེགས་ཤུགས་ཡང་དག་པར་འཚོལ་བ་དང་བར་སྟོང་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྒྱུད་ལམ་འཚོལ་ཞིབ་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཁྱད་ཆོས་ལྡན་པའི་ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་ལག་ལེན་གསར་གཏོད་རྟེན་གཞི་ལྔ་ནས་བདུན་གསར་སྐྲུན་བྱས།
སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་བརྩི་སྲུང་བྱས་ཏེ། བོད་ལྗོངས་ཀྱིས་ཁྱད་ལྡན་ཞིང་ཕྱུགས་ལས་དང་དྭངས་གཙང་ནུས་ཁུངས། སྐྱེ་ཁམས་རིག་གནས་ཡུལ་སྐོར་ལས་རིགས་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན། བརྗོད་དོན་སློབ་གསོའི་ཁྲོད་བོད་ལྗོངས་ཀྱི་སྡེ་ཁག་མང་པོ་ལས་ཡུལ་དང་པོར་སོང་ནས་ཐོན་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་ཐོན་སྐྱེད་སྦྲེལ་ཐག་ཐུང་བ་དང་རྒྱུ་ཆར་འགན་སྲུང་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐད་རྟོག་ཞིབ་བྱས།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། བོད་རང་སྐྱོང་ལྗོངས་ཀྱི་རྟོག་ཞིབ་ཚན་ཆུང་སོ་སོས་ཁྱོན་སྡོམ་རྟོག་ཞིབ་སྙན་ཞུ་བརྒྱ་དང་བརྒྱད་ཅུ་གྲུབ་པར་བྱས་པ་དང་མྱུར་སྤྱོད་མྱུར་བཅོས་གནད་དོན་དོན་དྲུག་ཐག་བཅད། མཐོ་ས་ནས་འཆར་འགོད་བྱེད་པ་དང་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ངང་དོན་འཁྱོལ་བྱེད་པའི་རྒྱུན་བསྐྱངས་ནས་བརྗོད་དོན་སློབ་གསོར་སློབ་སྦྱོང་བྱས་པའི་གྲུབ་འབྲས་དེ་བོད་ལྗོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བའི་ལག་ལེན་གྱི་སྟོབས་ཤུགས་བསྒྱུར་དགོས།
མི་ཕམ་མགོན་པོས་བསྒྱུར།