ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་བརྗོད་དོན་སློབ་གསོ་སྤེལ།
2023.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།     བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།    ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་།    དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་སྡེ་ཁག་འཛུགས་སྐྲུན་དང་བྱེད་ནུས་འདོན་སྤེལ་ཐད་གནས་པའི་མི་འདང་སར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་།   སློབ་སྦྱོང་གི་གྲུབ་འབྲས་མགྱོགས་མྱུར་ཚུལ་བསྒྱུར་སོགས་བྱས་ཏེ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་ཕན་ནུས་མཐོར་འདེགས་ལ་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།    ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་མ་ལག་ལ་སྡེ་ཁག་ཡོད་པ་དང་སྒྲིག་གཞི་ཡོད་པ།   མི་སྣ་ཡོད་པ།   གྲོན་དངུལ་ཡོད་པ།   འགན་སྲུང་ཡོད་པ་དང་ཕྱོགས་ཡོངས་ལ་ཁེབས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་པ་དང་།   དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་སྡེ་ཁག་གིས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་ཞབས་ཞུ་འགན་སྲུང་བྱེད་པའི་ཁྲོད་ཀྱི་འགན་ནུས་སོགས་ལ་རྒྱུས་ལོན་ཡང་དག་བྱས་པར་མ་ཟད།    ལས་འགན་གཙོ་བོར་དམ་དུ་དམིགས་པ་དང་ཞབས་ཞུ་བྱེད་ནུས་མཐོར་འདེགས་ཀྱི་ཤུགས་འདོན་ས་འཚོལ་བ།   གནད་དོན་ཐག་གཅོད་པའི་ཤུགས་འདོན་སར་རྒྱུས་ལོན་བྱེད་པ། རྟོག་ཞིབ་ཆེན་མོར་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་རྟོག་ཞིབ་ཆེན་མོར་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་བྱས་ཏེ་གནད་དོན་གསལ་ཁྲ་ཤུགས་ཆེན་པོས་ཕན་ནུས་གསལ་ཁྲ་རུ་འགྱུར་བར་བྱ་རྒྱུ་རེད།

དཔེ་སྟོན་རང་བཞིན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་སྡེ་ཁག་གི་དཔྱད་འཇོག་བྱ་བ་བཟང་བོར་སྤེལ་ཏེ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཁྱིམ་ཚང་བརྒྱ་དང་ཉེར་དགུར་དཔྱད་ཞིབ་རྩིས་ལེན་བྱས་པ་དང་།   དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་སྡེ་ཁག་སུམ་བརྒྱ་ལྔ་བཅུ་རིམ་སྤོར་བྱས།    དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་བཅའ་ཁྲིམས་སྲིད་ཇུས་ལེགས་སྒྲིག་དང་རིམ་པ་སོ་སོའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྡེ་ཁག་གི་སྲིད་ཇུས་དོན་འཁྱོལ་བྱེད་ཐབས་ཇེ་ཞིབ་ཏུ་བཏང་བར་མ་ཟད།   ཞབས་ཞུ་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་གནད་འགག་ཏུ་བྱས་ཏེ་སློབ་གསོ་དོ་དམ་དང་ལས་ཞུགས་གསར་སྐྲུན།   རོགས་སྐྱོར་སོགས་ཕྱོགས་བཅུ་གསུམ་ཐད་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་སྡེ་ཁག་གི་ལས་དོན་དང་ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་བཏང་།  ལས་རིགས་མཛུབ་སྟོན་ཆེ་རུ་གཏོང་བ་དང་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་པ།   ལས་སྒོའི་གསོ་སྦྱོང་ཇེ་དྲག་ཏུ་གཏོང་བ།   སྡེ་ཁག་གི་ཐོན་ཁུངས་གཅིག་བསྡུས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དམག་མི་དམག་ཁོངས་ནས་ཕྱིར་འབུད་པའི་སྲིད་ཇུས་དོན་འཁྱོལ་ལས་དོན་གྱི་སྟབས་བདེའི་ཞབས་ཞུའི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་།   ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུའི་མ་ལག་གི་ལས་སྒོའི་བྱེད་ནུས་མཐོར་འདེགས་གཏོང་བའི་གསོ་སྦྱོང་སྤེལ་ཏེ་ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་བུད་པའི་ཞབས་ཞུ་འགན་སྲུང་སྡེ་ཁག་གི་ལས་བྱེད་མི་སྣའི་སྲིད་ཇུས་གཞུང་ལུགས་ཆུ་ཚད་དང་ལས་སྒོའི་བྱེད་ནུས་མཐོར་འདེགས་བཏང་།   བརྗོད་དོན་སློབ་གསོའི་ནུས་ཡོད་སྐུལ་འདེད་འོག    ཞབས་ཞུ་འགན་སྲུང་ཆུ་ཚད་ཡོད་པ་ནས་བཟང་བོའི་ཕྱོགས་སུ་འགྱུར་བ་སོགས་མངོན་འགྱུར་བྱས་ཏེ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཐོབ་ཚོར་དང་སྐྱིད་ཚོར་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།