ཞིང་ཆེན་ཁྲལ་དོན་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བརྗོད་དོན་སློབ་གསོ་སྤེལ།
2023.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་གཞུང་ལུགས་མཉམ་དུ་སློབ་པ་དང་བྱ་འགུལ་མཉམ་དུ་སྤེལ་བ།   བྱ་བར་མཉམ་དུ་སྐུལ་འདེད་གཏོང་བ།    ཐོན་ཁུངས་མཉམ་སྤྱོད་བྱེད་པ།   དཔུང་སྡེར་མཉམ་དུ་དོ་དམ་བྱེད་པ། ཚོང་རྟགས་མཉམ་དུ་གསར་སྐྲུན་བྱེད་པ་སོགས་ཁྱབ་ཁོངས་བཅུའི་ཕྱོགས་བཅུ་དགུའི་ཐད་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་བ་དང་།    ན་གཞོན་སྐྱེད་སྲིང་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་བྱ་བའི་གྲུབ་འབྲས་སུ་འགྱུར་བར་བྱས།

ཞིང་ཆེན་ཁྲལ་དོན་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་གསབ་རེས།   ཕན་ཚུན་སྐུལ་འདེད།   མཉམ་དུ་འཕེལ་རྒྱས་བཅས་ཀྱི་རྩ་དོན་སྟེང་བསམ་བློའི་སྣེ་ཁྲིད་དང་ལང་ཚོའི་ཕྱོགས་སྟོན་ཞེས་པའི་གཞུང་ལུགས་མཉམ་འབྲེལ་སློབ་སྦྱོང་སོགས་ཕྱོགས་བཅུའི་ཐད་ཀྱི་མཉམ་ལས་སྤེལ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ཁང་དང་ཁྲལ་དོན་མཉམ་ལས་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་ཕུལ་བྱུང་ན་གཞོན་འཇོན་མིའི་ཐོན་ཁུངས་མཛོད་མཉམ་འཛུགས་བྱས་པ་དང་།  ཁྲལ་དོན་ཁོངས་གཏོགས་སུ་མཚོ་སྔོན་ཁྲལ་དོན་འཇོན་མིའི་ངོས་འཛིན་གྱི་མཉམ་འབྲེལ་ངོས་འཛིན་རྣམ་པ་བཙལ་ནས་བཙུགས་ཏེ་ན་གཞོན་འཕེལ་རྒྱས་རྣམ་པའི་ཚོད་ལྟའི་སྡེ་ཁག་ལ་ཉམས་མྱོང་མང་པོ་འདོན་སྤྲོད་བྱས།   ན་གཞོན་ཁེ་ལས་པར་ཞབས་འདེགས་ཞུ་བར་དམིགས་ནས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ན་གཞོན་ལ་ཞབས་འདེགས་ཞུ་བ་དང་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་ཁྲལ་བསྡུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་།   མཚོ་སྔོན་ན་གཞོན་གྱི་དངོས་གཞིའི་ལས་སྐྲུན་གྱི་ཁྲལ་བསྡུའི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་སྟེ་ན་གཞོན་ཁེ་ལས་པར་སྲིད་ཇུས་བཟང་བོ་འདོན་སྤྲོད་དང་བྱེད་ཐབས་ངོ་མ་སྤྱད་དེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གུང་གཞོན་ཚོགས་པ་དང་ཁྲལ་དོན་མཉམ་བསྲེས་ཀྱི་ན་གཞོན་ལས་སྐྲུན་མཉམ་སྒུལ་ཚོང་རྟགས་བསྐྲུན་པ་དང་ན་གཞོན་འཇོན་མིར་འགྱུར་བར་ཞབས་འདེགས་བཟང་བོ་ཞུས།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།