ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་སྒྲིག་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྣམ་བཤད་བཏུས་སྒྲིག་ལ་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་གཞི་འཛིན་སར་བྱེད་པ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱེད་པ། ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་པ་ཞེས་པར་སློབ་སྦྱོང་དང་བེད་སྤྱོད་གཏོང་བ་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། དགོངས་དོན་གྱི་ངོ་བོར་གོ་བ་ལེན་པའི་སྟེང་ཤུགས་སྣོན་པ་དང་མཛའ་བརྩེའི་ཐུགས་ཁུར་ཟབ་མོ་རྟོགས་པར་བྱེད་པའི་སྟེང་ཤུགས་འདོན་པ། ཤུགས་ཆེན་པོས་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་སྟེང་ཤུགས་འདོན་པ། གཏིང་ཇེ་ཟབ་ཏུ་གཏོང་བར་ཤུགས་བསྣན་ནས་གཙོ་གནད་ལ་དམིགས་ནས་ལངས་གནས་མཐོ་བ་དང་མགོ་རྩོམ་ས་གསར་བའི་སྟེང་བརྗོད་དོན་སློབ་གསོར་འཆར་འགོད་བྱས།
ཞིང་ཆེན་བུད་མེད་མཉམ་སྦྲེལ་ལྷན་ཚོགས་ཀྱིས་བུད་མེད་སྒྲོག་འགྲེལ་ཚོགས་པ་དང་རིམ་པ་སོ་སོའི་བུད་མེད་མཉམ་སྦྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་དྲིལ་སྒྲོག་དང་སྒྲོག་འགྲེལ་གཏིང་ཟབ་བྱེད་པར་སྐུལ་སློང་བྱས་ནས་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་དེབ་སྐབས་ཀྱི་ཀྲུང་གོའི་བུད་མེད་ལས་འགུལ་གྱི་བརྗོད་གཞི་ཡིན་པར་གོ་བ་ཟབ་མོ་ལེན་པ། བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་ཞེས་པའི་ཕྲེང་བསྟར་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཆེའི་བུད་མེད་རྣམས་ཀྱིས་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་ལ་འཛིན་པར་སྣེ་ཁྲིད་བྱེད་པ། མི་ཚེའི་རེ་སྙེག་དང་ཁྱིམ་ཚང་གི་བདེ་སྐྱིད་དེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར། མི་དམངས་བདེ་ཞིང་སྐྱིད་པའི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱས་ནས་དུས་རབས་གསར་བར་བྱས་རྗེས་འཇོག་དགོས། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་ཕྲེང་བསྟར་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་བུད་མེད་ཀྱི་སྣེ་ཁྲིད་ནས་རླབས་ཆེན་ལས་དོན་སྒྲུབ་པའི་འཛུགས་སྐྲུན་མཁན་དང་དཔལ་ཡོན་སྤྱོད་བཟང་དར་སྤེལ་གཏོང་མཁན། ཕུགས་བསམ་འཚོལ་སྙེག་བྱེད་མཁན་གྱི་འབད་འཐབ་མཁན་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བུད་མེད་ཀྱིས་བྱས་རྗེས་འཇོག་དགོས།
དེ་དང་མཉམ་དུ་ཁྱིམ་ཚང་གི་ཁྱིམ་སྲོལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་ཆེས་ཡིད་དུ་འོངས་པའི་ཁྱིམ་གཞིས་འཚོལ་བ་ཞེས་པའི་བྱེད་སྒོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་ལོ་ལྔའི་འཆར་འགོད་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་གཞོག་འདེགས་ཀྱིས་མཉམ་དུ་མི་སྐྱེད་བསྲིང་བྱེད་པ། ཁྱིམ་ཚང་རེ་རེ་བཞིན་བདེ་སྐྱིད་ལྡན་པར་སྐུལ་འདེད་གཏོང་བཏང་། ཁེ་དབང་ལ་སྲུང་སྐྱོང་དང་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ་བུད་མེད་དང་བྱིས་པར་ཐུགས་ཁུར་བྱས་ནས་བུད་མེད་དང་བྱིས་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
མི་ཕམ་མགོན་པོས་བསྒྱུར།