ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་རྒྱུན་མཐུད་ངང་སྤེལ་བ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་ཡུལ་གནས་སྨན་བཅོས་བྱེད་པའི་ཐད་ཀྱི་བྲེལ་དཀའ་ཁྲལ་སྒུག་གནད་དོན་གཙིགས་འཛིན་བྱས་ལ། ཡུལ་གཞན་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་ཞབས་ཞུ་ལེགས་བསྒྱུར་བྱས་ཤིང་། དྲ་ཐོག་ནས་འགྲོ་ལུགས་བསྒྲུབ་པ་དང་བཤེར་རིས་བརྒྱུད་དེ་བསྒྲུབ་པ། དུས་ཐོག་ཏུ་བསྒྲུབ་པར་རྒྱབ་རྟེན་ནས། ཡུལ་གཞན་སྨན་བཅོས་ཐད་ནས་གེགས་རྐྱེན་མེད་པར་བྱས།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་དྲ་ཐོག་དང་ཡུལ་དངོས་གཉིས་མཉམ་བསྲེས་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྙན་སེང་འགོད་པའི་ལམ་རུ་རྒྱ་སྐྱེད། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་རྒྱལ་ཁབ་ཀྱི་ཡུལ་གཞན་སྨན་བཅོས་ཀྱི་སྙན་སེང་འགོད་པའི་སྐད་འཕྲིན་མཉེན་ཆས་ཆུང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲོན་སྣེ། མཚོ་སྔོན་ཀྱི་སྨན་བཅོས་འགན་སྲུང་མ་ལག གཅིག་གཉིས་གསུམ་བཞི་ལྔའི་ཁ་པར་གྱི་སྙན་སེང་འགོད་པ་དང་སྨན་བཅོས་འགན་སྲུང་ཁྲོད་ཞུགས་སའི་འགྲོ་ལུགས་བསྒྲུབ་པའི་ལས་ཁུངས་ཀྱི་སྒེའུ་ཁུང་སོགས་དྲ་ཐོག་ཡུལ་དངོས་ཀྱི་ལམ་བུ་བརྒྱུད་དེ་ཡུལ་གཞན་སྨན་བཅོས་ཀྱི་སྙན་སེང་འགོད་པའི་འགྲོ་ལུགས་བསྒྲུབ་ཆོག 2023ལོའི་ཟླ་དང་པོའི་ཚེས་དྲུག་ཉིན། རང་ཞིང་གི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་ཞིང་ཆེན་བརྒལ་ནས་ཡུལ་གཞན་སྨན་བཅོས་བྱས་པའི་སྙན་སེང་འགོད་པའི་མི་གྲངས་ཁྲི་དགུ་ལྷག་ལ་སླེབས་པ་དང་། དེའི་ཁྲོད་ཞིང་ཆེན་ཞིང་ཆེན་གཞན་པ་རུ་ཡུན་རིང་འདུག་སྡོད་བྱས་པའི་མི་སྣའི་གྲངས་ཚད་ཁྲི་བཞི་ལྷག་ལ་སླེབས་ལ། གནས་སྐབས་སུ་ཞིང་ཆེན་ཕྱི་རུ་སོང་ནས་སྨན་བཅོས་བྱས་པའི་མི་སྣའི་གྲངས་ཀ་ཁྲི་བཞི་དང་སྟོང་དྲུག་ལ་སླེབས། ཐད་ཀར་རྩིས་རྒྱག་བྱས་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་།
2021ལོའི་ཟླ་གཉིས་པའི་ནང་སྤྱིར་བཏང་གི་སྒོ་བསྟེན་ཀྱི་རྩིས་རྒྱག་ལས་སྒོ་སྤེལ་འགོ་བརྩམས་པའི་ཚུན་དུ། ཞིང་ཆེན་ཕྱིའི་སྤྱིར་བཏང་གི་སྒོ་བསྟེན་དང་སྨན་ཉོ་བའི་ལས་སྒོ་མྱུར་དུ་ཇེ་མང་དུ་སོང་ལ། ད་ལོའི་ཟླ་དྲུག་པའི་བར་དུ། རང་ཞིང་གི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་ཞིང་ཆེན་ཕྱིའི་སྒོ་བསྟེན་གྱི་ཐད་ཀར་རྩིས་རྒྱག་མི་གྲངས་འབུམ་ལྔ་དང་ཁྲི་གཉིས་ལྷག་ལ་སླེབས་པ་དང་། སྤྱིའི་སྨན་རིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་ཡིན་ལ། སྨན་བཅོས་འགན་སྲུང་ཐེབས་རྩའི་དངུལ་སྟེར་ཚད་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལ་སླེབས། རང་ཞིང་གི་གཏན་ཁེལ་སྨན་བཅོས་ལས་ཁུངས་ཚང་མས་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་ཡུལ་གཞན་སྨན་བཅོས་སྤྱིར་བཏང་སྒོ་བསྟེན་གྱི་ཐད་ཀར་རྩིས་རྒྱག་ལས་སྒོ་སྤེལ་འགོ་བརྩམས་པ་དང་། ཞིང་ཆེན་ཕྱིའི་མཚོ་སྔོན་དུ་ཡོང་བའི་མི་སྣ་ཡོངས་ཀྱིས་གློག་རྡུལ་བདེན་ཡིག་ཁྱེར་ནས་ཐད་ཀར་རྩིས་བརྒྱབ་ཆོག དེ་དང་མཉམ་དུ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་བྱང་བུ་བཀོལ་ཚེ་སྙན་སེང་བཀོད་ཆོག་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། གྲོང་ཁྱེར་གཅིག་གི་གཞི་གྲངས་ལྟེ་གནས་གཉིས་ལེགས་འགྲུབ་བྱས་ནས་བཀོལ་སྤྱོད་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་སྨན་བཅོས་ཀྱི་སྙན་སེང་འགོད་པ་འགྲོ་ལུགས་མེད་པར་བྱས་ལ། བྱང་བུ་གཅིག་ས་གང་ནས་ཀྱང་བཀོལ་ཆོག་པར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་གཅིག་གི་སྨན་བཅོས་ལས་ཁུངས་ཁྲི་དྲུག་དང་སྟོང་བརྒྱད་བརྒྱད་བརྒྱ་བར་ཡུལ་གཞན་སྨན་བཅོས་ཐད་ཀར་རྩིས་རྒྱག་ལས་སྒོ་སྤེལ་ལ། མང་ཚོགས་ཀྱི་ཡུལ་གཞན་སྨན་བཅོས་བྱེད་པའི་ཐད་ནས་སྔར་ལས་སྟབས་བདེ་རུ་བཏང་།
རིན་ཆེན་མཚོས་བསྒྱུར།