ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུའུ་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་མཱ་ཀྲན་ལིན་གྱིས་བཤད་རྒྱུར། སྟབས་བདེ་སྐྲུན་པ་དང་མི་སེམས་བདེ་བར་བྱ་བ་ནི་མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་བྱ་བའི་དངོས་ཡོད་གྲུབ་འབྲས་སུ་བསྒྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྲེལ་དཀའ་འཕྲལ་སྒུག་གི་བྱ་བར་དམིགས་བཙུགས་ནས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་། དོན་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་ཁག་སེལ་བར་འབད་པ་བྱས་ནས་དམག་མིའི་དམག་ཁོངས་ནས་ཕྱིར་འབུད་པའི་སྲིད་ཇུས་དངོས་འབེབས་བྱེད་པའི་ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་སྔར་ལས་སྟབས་བདེ་དང་ཕན་འབྲས་མཐོ་བའི་བརྩེ་བའི་ཞབས་ཞུ་བསྒྲུབས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་དམག་མིའི་དམག་ཁོངས་ནས་ཕྱིར་འབུད་པའི་སྲིད་ཇུས་དེ་དྲ་མིག་གཅིག་ནས་བདག་སྤྲོད་བྱེད་པ་དང་ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དམག་མི་དམག་ཁོངས་ནས་ཕྱིར་བུད་རྗེས་ལས་གཉེར་བྱེད་པའི་དམག་མིའི་མིང་ཐོ་འགོད་པ་དང་། རང་བདག་ལས་གཉེར་བྱེད་པའི་ཐེངས་གཅིག་རང་བཞིན་གྱི་དཔལ་འབྱོར་ཁ་གསབ་སྟེར་བ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཁྱིམ་ཐོ་སླར་གསོ་བྱེད་པ། ཐོབ་ཐང་ལག་འཁྱེར་ལས་པ་སོགས་སྡེ་ཁག་ལྔ་དང་འབྲེལ་བའི་ཞབས་ཞུའི་རྣམ་གྲངས་དགུའི་གཞི་གྲངས་མཉམ་སྤྱོད་དང་གཞོག་འདེགས་རོགས་སྒྲུབ་བྱེད་པ། ཐུན་མོང་ཞབས་ཞུ་མངོན་འགྱུར་བྱས། དམག་མིའི་དམག་ཁོངས་ནས་ཕྱིར་བུད་པའི་སྲིད་ཇུས་ཀྱི་ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུ་ལག་བསྟར་བྱས་ནས་དྲ་ལམ་ནས་མཚོ་སྔོན་སྲིད་ཁྲིམས་ཞབས་ཞུའི་དྲ་ཚིགས་སུ་དོན་དག་གཅིག་གི་ཞབས་ཞུ་དང་དམག་མི་དམག་ཁོངས་ནས་འབུད་པའི་དོན་དག་གཅིག་ཅེས་པའི་དྲ་མིག་དང་ཡང་ན་འབྲེལ་ཡོད་རྒྱུ་ཆ་རྫོང་རིམ་པའི་སྣ་འཛོམས་ཞབས་ཞུའི་ལས་སྒོར་སྤྲད་ནས་དམག་མི་དམག་ཁོངས་ནས་ཕྱིར་འབུད་པའི་འབྲེལ་ཡོད་བྱ་བ་སྙན་ཞུ་ཐེངས་གཅིག་དང་ལས་སྒོ་གཅིག་ནས་བདག་སྤྲོད་བྱེད་པ། མཉམ་སྒྲུབ་བྱེད་པ། དུས་བཀག་ལྟར་སྒྲུབ་པ་མངོན་འགྱུར་བྱས་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཡུལ་དངོས་ལ་ཐེངས་ལྔར་ཡོང་དགོས་པ་ཐེངས་གཅིག་ལ་ཡོང་བས་འཐུས་པར་བྱེད་པ་དང་། རྒྱུ་ཆ་ཉི་ཤུ་སྤྲོད་དགོས་པ་དེ་ཡང་བཅུ་གཉིས་སྤྲད་ན་འཐུས་པར་བྱས་ནས་ལས་ཀ་སྒྲུབ་པའི་སྟབས་བདེའི་རྣམ་པ་མཐོར་འདེགས་བཏང་ཡོད།
དེ་དང་མཉམ་དུ་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་དམག་མི་དམག་ཁོངས་ནས་འབུད་པའི་ལས་དོན་གཅིག་ཐེངས་གཅིག་ལ་སྒྲུབ་པའི་ལས་ཀའི་དྲ་ལམ་གསོ་སྦྱོང་ཚོགས་འདུ་བསྡུས་པ་དང་། སྔར་ལས་ལྷག་པའི་དམག་མི་དམག་ཁོངས་ནས་འབུད་པའི་སྲིད་ཇུས་དངོས་འབེབས་བྱེད་པའི་ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུའི་ལས་དོན་སྒྲུབ་པའི་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་བཏང་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་ཞབས་ཞུ་གང་ལེགས་སྒྲུབ་པར་རྨང་གཞི་བརྟན་པོ་བཏིངས། ལས་གཉེར་སྟེགས་བུ་འཛུགས་པ་དང་ལས་གཉེར་ལས་སྐྲུན་དང་སྦྱངས་རབས་མཐོར་འདེགས་གཏོང་བ་སོགས་ཀྱི་སྲིད་ཇུས་ཞིབ་ཕྲའི་བརྡ་བཏང་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ལས་རིགས་གསོ་སྦྱོང་ལ་ཞུགས་པ་དང་སྦྱངས་རབས་སློབ་གསོ་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་གཉེར་ལས་སྐྲུན་བྱེད་པར་འཛུབ་སྟོན་བྱེད་པ་དང་ལས་གཉེར་ལམ་བུ་རྒྱ་བསྐྱེད་པ། ཞིང་ཆེན་མི་ཤུགས་ཐོན་ཁོངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་སྡེ་ཁག་དང་མཉམ་དུ་རིགས་སོ་སོའི་ཆེད་དོན་གདན་ཞུའི་འདུ་ཚོགས་བསྡུས་ནས་གོ་རིམ་ཧྲིལ་བོའི་རྗེས་འདེད་རྣམ་པའི་ཞབས་ཞུ་བསྒྲུབས་པ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུའི་འགན་སྲུང་གི་ཆེས་མཐའ་མཇུག་རིམ་པ་ལེགས་པར་བསྒྲུབས།
མི་ཕམ་མགོན་པོས་བསྒྱུར།