ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རང་འགུལ་སྒོས་རིགས་ལྔའི་གནད་དོན་ལ་དམིགས་ཏེ། རྒྱུ་རྐྱེན་བཙལ་བ་དང་དག་ཐེར་དམ་འཛིན། འགན་འཁྲི་གསལ་སྟོན་བཅས་བྱས་ནས། ཚད་གཞི་སྔར་ལས་མཐོན་པོ་དང་བླང་བྱ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་དོན་ལྡན་བཅས་ཀྱིས་བརྗོད་དོན་སློབ་གསོས་གྲུབ་འབྲས་ངོ་མ་ལེན་པར་སྐུལ་འདེད་བཏང་།

གཞུང་ལུགས་སློབ་སྦྱོང་མ་ལག་ཅན་མིན་པ་དང་། ཁྱོན་ཡོངས་ཅན་མིན་པའི་གནད་དོན་ལ་དམིགས་ཏེ། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང་ཏང་ཀྲི་པུའུ་བཅས་རིགས་གཉིས་བགར་བར་དོ་སྣང་བྱས་ནས། བརྗོད་དོན་སློབ་གསོའི་རྗེས་མཐུད་གཞུང་ལུགས་སློབ་སྦྱོང་གི་ཇུས་གཞི་གཏན་འབེབས་བྱས་པ་དང་། ངེས་པར་དུ་ཀློག་དགོས་པའི་དཀར་ཆག་གསལ་ཁྲ་ཡང་བསྐྱར་སྒྲིག  མ་ཡིག་ཀློག་པ་དང་། མ་རྩོམ་རང་འགུལ་གྱིས་ཀློག་པ། རྩ་བའི་རིགས་པ་རྟོགས་པར་ཞིབ་སྡུར་བྱེད་པ་བཅས་བརྒྱུད་དེ། ཆེད་དོན་ཏང་གི་སློབ་ཁྲིད་ལེགས་པོར་འཆད་ནས་ཚུལ་སྒྱུར་ལ་སྐུལ་བ་དང་། རྩ་འཛུགས་བྱས་ཏེ་ཚད་ལེན་ཞིབ་བཤེར་གྱིས་གྲུབ་འབྲས་བརྟག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཡང་བསྐྱར་སློབ་སྦྱོང་ཆེན་མོ་ཐེངས་ཤིག་བྱས་ལ། རང་གི་བསམ་བློ་དང་བྱ་བའི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས། ཆབ་སྲིད་འཛུགས་སྐྲུན་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན། དཔུང་ཁག་འཛུགས་སྐྲུན་སོགས་གཙུག་འཛིན་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་ཕན་འབྲས་དངོས་རུ་སྒྱུར་བར་སྐུལ་འདེད་བཏང་།

བརྟག་དཔྱད་ཞིབ་འཇུག་གནད་ཁེལ་མིན་པ་དང་། ཕན་འབྲས་དམའ་བའི་གནད་དོན་ལ་དམིགས་ཏེ། སྲིད་ཁྲིམས་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཞི་རྩའི་ལག་ལེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གཙོར་བཟུང་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན། དཔུང་ཁག་འཛུགས་སྐྲུན་བཅས་ཀྱི་ཁྲོད་གནས་པའི་མི་འདང་ས་དང་ཉམ་ཞན་སར་ཟུང་སྦྲེལ་བྱས་ཏེ། བརྟག་དཔྱད་ཇུས་གཞི་ལེགས་སྒྱུར་བྱས། བརྟག་དཔྱད་གྲུབ་འབྲས་བེད་སྤྱོད་བྱེད་པའི་གསལ་ཁྲ་ཕྱོགས་ཡོངས་ནས་བཟོས་ཏེ། གནད་དོན་ཐག་བཅད་ཡོད་མེད་དང་། གནས་བབ་ལ་འགྱུར་ལྡོག་བྱུང་ཡོད་མེད། བྱ་བ་མཐོར་འདེགས་བྱུང་ཡོད་མེད། ལམ་ལུགས་འཐུས་ཚང་དུ་བཏང་ཡོད་མེད་བཅས་ཀྱི་ཕྱོགས་ནས་བརྟག་དཔྱད་གྲུབ་འབྲས་ཚད་འཇལ་བྱས་པ་དང་། དུས་ལྟར་བརྒྱུད་རིམ་ལ་ཞིབ་འཇུག་གང་ལེགས་བྱས་ནས་འོས་འཚམ་གྱི་བསམ་འཆར་འདོན་རྒྱུ་དེ། བྱ་བར་སྐུལ་འདེད་གཏོང་བའི་ལམ་ཕྱོགས་བྱེད་ཐབས་དང་སྲིད་ཇུས་བྱེད་ཐབས་སུ་འགྱུར་བར་བྱས།

འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རང་འགུལ་མིན་པ་དང་། ནན་མོ་མིན་པའི་གནད་དོན་ལ་དམིགས་ཏེ། སྲིད་ཁྲིམས་བྱ་བའི་འགན་འཁྲི་གཙོ་བོར་རྐང་འཛུགས་པ་དང་། ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ལས་གཞི་གཙོ་གནད་དུ་འཛིན་པ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟ་ཁུལ་སོགས་ཀྱི་རྣམ་གྲངས་དང་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཞིབ་བཤེར་གནད་དོན་དང་། ཚད་འཇལ་གྲུབ་འབྲས། དག་ཐེར་དམ་འཛིན་བཅས་ཡག་པོར་སྒྲུབ། སྲིད་ཁྲིམས་དམངས་ཚིས་ཀྱི་རྣམ་གྲངས་གསལ་ཁྲ་བཙུགས་པ་དང་། ལོ་ཧྲིལ་བོའི་དམངས་ཚིས་དོན་དངོས་འཆར་གཞི་ལག་བསྟར་བྱས་པ་བརྒྱུད། བཅའ་ཁྲིམས་དང་འབྲེལ་བ་དང་གྱོད་གཏུག་དང་འབྲེལ་བའི་འཕྲིན་བཅར་དང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་སོགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་གང་ལེགས་བྱས།

ཞིབ་བཤེར་དག་ཐེར་གཟབ་ནན་མིན་པ་དང་། གཏན་ཚིགས་མེད་པའི་གནད་དོན་ལ་དམིགས་ཏེ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་དག་ཐེར་གྱི་གནད་དོན་མཛོད་བསྐྱར་སྒྲིག་བྱས་ནས། དག་ཐེར་བཅོས་སྐྱོང་གཟབ་ནན་བརྟན་པོ་ཡོང་བར་སྐུལ་འདེད་བཏང་། ལམ་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ལམ་ལུགས་ཀྱི་མི་འདང་ས་ཁ་གསབ་བྱས་པ། བྱ་བའི་འཐུས་ཤོར་དག་སྒྲིག་བྱས་པ་བརྒྱུད། རེ་རེ་བཞིན་དག་ཐེར་དང་དངོས་འབེབས་བྱེད་པར་ཁག་ཐེག་བྱས་ནས། གནད་དོན་ངོ་མ་ཐག་གཅོད་དང་གནད་དོན་ཐག་གཅོད་མཐའ་འཁྱོལ་བྱས།

རྩ་འཛུགས་མགོ་ཁྲིད་གསལ་བོ་མིན་པའི་གནད་དོན་ལ་དམིགས་ཏེ། ཁྱབ་ཁོངས་སོ་སོའི་བརྟག་དཔྱད་ཞིབ་འཇུག་དང་། གནད་དོན་ཞིབ་བཤེར་བྱེད་པ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་སྲུང་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་། དོན་དངོས་སྒྲུབ་པའི་བྱ་བ་ཡག་པོར་སྒྲུབ། ཆེད་དོན་བྱ་བའི་ཚན་ཁག་གི་མི་སྣ་སྡེབ་སྒྲིག་ལེགས་སྒྱུར་དང་། བརྗོད་དོན་སློབ་གསོའི་ཟླ་རེའི་ལས་འགན་གཙོ་བོའི་གསལ་འདེབས་དཔར་ནས་བཀྲམས་པ། ཏང་ཀྲི་པུའུ་སྡེ་ཚན་བྱས་པའི་བརྗོད་དོན་སློབ་གསོའི་ལས་འགན་གསལ་ཁྲ་སོགས་གཏན་འབེབས་བྱས་པ་སོགས་ཕན་ལྡན་བྱེད་ཐབས་སྤྱད་པ་བརྒྱུད། འགན་འཁྲི་དོན་འཁྱོལ་དང་ལས་འགན་ལག་བསྟར་ལ་ཁག་ཐེག་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོའི་སྲིད་ཁྲིམས་རྒྱུགས་གཞི་ཡོངས་འགྲུབ་བྱས།

                                                                                         རིག་འཛིན་སྒྲོལ་མས་བསྒྱུར།