ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།  ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་གིས་ཏང་འཛུགས་དང་ལས་སྒོ་མཉམ་དུ་སྤེལ་བ་དང་མཉམ་བསྲེས་འཕེལ་རྒྱས་གཏོང་བའི་སྟེང་ཤུགས་བཏོན་ནས་ཏང་གི་རྩ་འཛུགས་དགེ་མཚན་དེ་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་བ་དང་།   ཐད་ཀའི་དོ་དམ་དགེ་མཚན་དེ་ལམ་ལུགས་དགེ་མཚན་དང་བྱ་བའི་དགེ་མཚན་དུ་བསྒྱུར་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་།

བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ཆེན་ཏང་ཨུའི་གཅིག་ཅན་དྲུག་དོན་འཁྱོལ་བྱེད་པའི་བླང་བྱ་གཉིས་ཟུང་འབྲེལ་བྱས་པ་དང་།  བྱ་བའི་བྱེད་ནུས་ཀྱིས་ཏང་འཛུགས་བྱ་བའི་རྣམ་པ་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་།    དུས་རབས་གསར་པའི་ལས་ཁུངས་སྒྲིག་ལུགས་སྡེ་ཁག་གི་ཐད་ཀའི་དོ་དམ་གྱི་ཁྱད་ཆོས་དང་འཚམ་པའི་ལས་ཁུངས་ཏང་འཛུགས་ཀྱི་རྣམ་པ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་ཀྲི་པུའུ་གཅིག་ལ་ཚོང་རྟགས་གཅིག་གི་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ།   ལས་ཁུངས་ཏང་ཨུའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཏང་འཛུགས་དང་ལས་ཁུངས་སྒྲིག་ལུགས་ལས་སྒོ་མཉམ་བསྲེས་འཕེལ་རྒྱས་གཏོང་བའི་དག་སྲུང་གསར་གཏོད་སྒོས་ཏང་འཛུགས་ཇེ་དྲག་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་བསྡུས་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཏང་འཛུགས་ཚོང་རྟགས་གསར་སྐྲུན་བྱས་པར་མ་ཟད།    གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་རང་ས་གནས་དང་ཀྲི་པུའུ་རང་སྟེང་གི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གསར་སྐྲུན་ཇུས་གཞི་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ་སོགས་བྱས་ནས་དེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་འདེགས་སྐྱོར་གལ་ཆེན་ཏུ་འགྱུར་བར་བྱས།

བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ལས་ཁུངས་སྒྲིག་ལུགས་ཀྱི་གཙོ་འགན་གཙོ་ལས་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་བསྟུན་ནས་དུས་རབས་གསར་པར་ལས་ཁུངས་ཏང་འཛུགས་དང་ཏང་སྲིད་སྒྲིག་གཞི་བཅོས་སྒྱུར།   དམངས་ཚིས་ལ་འགན་སྲུང་བྱེད་པ་བཅས་ཀྱི་སྟེང་ཤུགས་འདོན་པར་མཐོང་ཆེན་བྱས།  མཚོ་སྔོན་པོའི་ས་ཁུལ་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ་ཁྲིམས་བསྟར་དཔུང་སྡེ་ལེགས་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་།   སྒྲིག་གཞིའི་ནང་རྐྱེན་ལེགས་སྒྱུར་དང་ཚད་ལྡན་དོ་དམ་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དུས་སྐབས་ཀྱི་སྒྲིག་གཞིའི་ནང་རྐྱེན་འཐུས་ཚང་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་ནས་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ཐད་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱས།   ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ་དང་རྫོང་བཅས་རིམ་པ་གསུམ་གྱི་རིམས་ནད་འགོག་སྡོམ་ཅུའུ་ལས་ཁུངས་དང་འགན་ནུས་ནས་འགོ་བརྩམས་ཏེ་རིམས་ནད་འགོག་སྡོམ་ལས་ཁུངས་ཀྱི་འགན་ནུས་མ་ལག་འཛུགས་སྐྲུན་ཐད་ཀྱི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་ནན་མོ་བྱེད་པ་སོགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་འགོག་སྡོམ་མཉམ་བསྲེས་ཀྱི་རིམས་ནད་འགོག་སྡོམ་སྒྲིག་གཞི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས།

                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།