མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བྱེད་ཐབས་བཞི་ཤུགས་དྲག་ཏུ་བཏང་བ་དང་། ཞིབ་བཤེར་དག་ཐེར་དེ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་དང་།  དག་ཐེར་དམ་འཛིན་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ནུས་ཤུགས་ཡོད་དགུས་ཐག་བཅད།

གསལ་ཁྲ་གཅིག་དངོས་སུ་བསྒྲུབས་པ། རང་གིས་བཙལ་བ་དང་། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མིང་འདོན་པ། ཕན་ཚུན་ལ་རོགས་བྱེད་པ། མང་ཚོགས་ཀྱིས་གླེང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། རྟོག་ཞིབ་ཁྲོད་ཤེས་རྟོགས་བྱུང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་བྱེད་སྐབས་འཕྲད་པ། མང་ཚོགས་ལ་བསམ་འཆར་ཆེ་བ། ཞིབ་བཤེར་ཞིབ་སྡུར་ལས་བྱུང་བའི་གནད་དོན་སོགས་གཅིག་ཏུ་བསྡུས་ཏེ། ཅུའུ་ཏང་ཙུའུ་ངོས་ཐད་ཀྱི་གནད་དོན་དྲུག་གསེད་དཀྲོལ་བྱས་ནས། གཞི་རྩའི་བྱེད་ཐབས་བཅོ་བརྒྱད་གཏན་འབེབས་བྱས་པ་དང་།  དག་ཐེར་དམིགས་འབེན་དང་། དག་ཐེར་དུས་ཡུན། སྣེ་ཁྲིད་འགན་ཁུར་མི་སྣ། འགན་འཁྲིའི་ལས་ཁུངས་སོགས་རེ་རེ་བཞིན་གསལ་བོར་བཏོན་པ་མ་ཟད། གསལ་ཁྲའི་འགུལ་རྣམ་དོ་དམ་ལག་བསྟར་བྱས་ཏེ། གཟའ་འཁོར་གཉིས་རེའི་ནང་གསར་སྒྱུར་ཐེངས་ཤིག་བྱས་ནས། དག་ཐེར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།

རྐྱེན་སྲོལ་གཉིས་བཙུགས་པ། གསལ་འདེབས་རྐྱེན་སྲོལ་བཙུགས་ཏེ། དུས་ལྟར་བརྗོད་དོན་སློབ་གསོ་བྱ་བའི་གསལ་འདེབས་ཁྱབ་བསྒྲགས་བྱེད་པ་དང་། འགན་འཁྲིའི་ལས་ཁུངས་ཀྱིས་མྱུར་དུ་དག་ཐེར་བྱེད་པར་ལྟ་སྐུལ་བྱེད་པ། ཐག་གཅོད་བྱེད་མི་ཐུབ་པའི་རྩིས་ཐོ་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་བྱེད་ཐབས་ཇུས་གཞི་ལྟར་ལག་བསྟར་བྱས། རྩིས་ལེན་རྐྱེན་སྲོལ་བཙུགས་ཏེ། རྩིས་ལེན་བྱ་བའི་བརྒྱུད་རིམ་ཞིབ་ཚགས་གཏན་འབེབས་བྱས་པ་དང་། ལེགས་འགྲུབ་བྱས་ཟིན་པའི་དག་ཐེར་གནད་དོན་དང་། སྣེ་ཁྲིད་ལས་ཁུངས་ཀྱིས་རྩིས་ལེན་རེ་ཞུ་འདོན་པ་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱས་ཏེ། དག་ཐེར་བཅོས་སྐྱོང་ཚན་ཁག་གིས་ཞིབ་འཇུག་དང་དཔྱད་ཞིབ་བསམ་ཚུལ་བཏོན་པའི་རྗེས་སུ། ཅུའུ་ཏང་ཙུའུ་ལ་གྲོས་ཞིབ་བྱེད་པར་སྤྲད་ནས། གནད་དོན་དག་ཐེར་གྱི་ཕན་འབྲས་ལ་ཁག་ཐེག་བྱས།

གནད་འགག་གསུམ་དམ་འཛིན་བྱས། འགན་ཁུར་བློ་མཐུན་གཙོ་བོའི་འགན་ཁུར་མི་སྣ་དང་པོའི་འགན་འཁྲི་གསལ་བོར་བཟོས་པ་དང་། ཁོངས་མི་གཞན་པས་ལས་གནས་གཅིག་ལ་འགན་འཁྲི་གཉིས་དངོས་འབེབས་ནན་མོ་བྱས་ཏེ། ཞིབ་བཤེར་དག་ཐེར་གྱི་འགན་འཁྲི་གཙོ་བོ་ཇེ་དམ་ཇེ་ནན་ཏུ་བཏང་། བཀོད་སྒྲིག་དང་ཞིབ་བཤེར། ཚུར་སྣང་བཅས་ཀྱི་འགུལ་རྣམ་ལྟ་སྐུལ་རྣམ་པ་ལག་བསྟར་བྱས་ཏེ། གཟའ་འཁོར་སྙན་ཞུ་དང་། ཟླ་རེའི་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་ལག་ལེན་དང་། ངེས་གཏན་མེད་པའི་ཞིབ་བཤེར་འཐེན་བཤེར་བྱས་པ་བརྒྱུད་རྒྱུན་མཐུད་རང་བཞིན་གྱི་རྗེས་འདེད་སྐུལ་ཁྲིད་བྱས། དག་ཐེར་ཚད་ལྡན་མིན་ན་མཚམས་མི་འཇོག་པ་དང་། གནད་དོན་དག་ཐེར་མཚམས་བཞག་ཟིན་པར་ཕྱིར་བལྟ་བྱེད་པ་ལག་བསྟར་བྱས་ནས།  ཆད་ལྷག་ཁ་གསབ་དང་ཉམ་ཞན་ཁ་གསབ་བྱས་པས། དག་ཐེར་དངོས་འབེབས་བྱ་བ་དམ་འཛིན་གང་ལེགས་བྱས། ཟླ་དྲུག་པའི་ཟླ་མཇུག་བར་དུ། གནད་དོན་གཉིས་དང་བྱེད་ཐབས་ལྔའི་དག་ཐེར་བྱ་བ་བསྒྲུབས་ཚར་བ་དང་། གནད་དོན་གཞན་པར་དུས་ལྟར་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།

ཟུང་སྦྲེལ་བཞིའི་རྒྱུན་བསྐྱངས། ཞིབ་བཤེར་དག་ཐེར་བྱ་བ་གཞུང་ལུགས་སློབ་སྦྱོང་དང་ཟུང་སྦྲེལ་བྱས་ཏེ། ཐུན་མོང་སློབ་སྦྱོང་དང་། ཏང་གཤིས་སློབ་གསོ་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། ཏང་ཡོན་ལས་བྱེད་པས་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ལ་སྣེ་ཁྲིད་བྱས། ཞིབ་བཤེར་དག་ཐེར་བྱ་བ་བརྟག་དཔྱད་ཞིབ་འཇུག་དང་ཟུང་སྦྲེལ་བྱས་ཏེ་རྟོག་ཞིབ་གཏིང་ཟབ་བྱས། ཞིབ་བཤེར་དག་ཐེར་བྱ་བ་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་ཟུང་སྦྲེལ་བྱས་ཏེ། རིགས་བགར་ནས་གནད་དོན་གསལ་ཁྲ་དག་སྒྲིག་བྱེད་པ་དང་། སྔ་གཞུག་ཏུ་འབྲེལ་ཡོད་ལམ་ལུགས་ཁག་བདུན་གཏན་འབེབས་བྱས་པའམ་འཐུས་ཚང་དུ་བཏང་། ཞིབ་བཤེར་དག་ཐེར་བྱ་བ་གཞི་རིམ་ཏང་འཛུགས་ཡག་པོར་སྒྲུབ་པ་དང་ཟུང་སྦྲེལ་བྱས་ཏེ། དག་ཐེར་བཅོས་སྐྱོང་གྲུབ་འབྲས་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ལོ་མཇུག་དཔྱད་ཞིབ་ཁྲོད་འཇོག་རྒྱུ་གསལ་བོར་བསྟན་ནས། གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་པར་ཁག་ཐེག་བྱས།

                                                                                               རིག་འཛིན་སྒྲོལ་མས་བསྒྱུར།