བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་ནན་མོ་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དོན་འཁྱོལ་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེ་མིན་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་ལག་བསྟར་བྱེད་པའི་མི་མངོན་པའི་ཉེན་ཁ་དང་རྐྱེན་ངན་ཞིབ་བཤེར་བྱས་པ་དང་། ལས་གཞི་ཅན་དང་རྩིས་ཁྲ་ཅན་གྱི་བྱེད་ཐབས་བརྒྱུད་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དང་སྒྲིག་ཁྲིམས་དམ་འཛིན་གྱིས་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་གཙོ་གཞིའི་འགན་འཁྲི་དམ་འཛིན་ནན་མོ་བྱས་ཏེ་བརྗོད་དོན་སློབ་གསོ་དང་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་།
རང་ཞིང་གི་འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་དང་སློབ་གསོ་ཉེན་བརྡའི་བརྡ་ཁྱབ་ཀྱི་བླང་བྱར་དམ་པོར་དམིགས་ནས། རྩ་འཛུགས་བྱ་བས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བླང་བྱ་དོན་འཁྱོལ་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་སོགས་ཕྱོགས་ཀྱི་མི་མངོན་པའི་ཉེན་ཁ་དང་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་གཏན་ཁེལ་ལྟར། ཆབ་སྲིད་འཛུགས་སྐྲུན་དང་མི་འདེམ་མི་བཀོལ། རྩ་འཛུགས་འཛུགས་སྐྲུན། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། གཞུང་ཞབས་པའི་དོ་དམ། ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་། དཔྱད་ཞིབ་བྱ་བ་དང་རྩ་འཛུགས་སྡེ་ཁག་རང་སྟེང་གི་འཛུགས་སྐྲུན་སོགས་ཕྱོགས་དགུ་ལ་དམིགས་ཏེ་མི་མངོན་པའི་ཉེན་ཁ་དང་རྐྱེན་ངན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ནན་མོ་བྱས་པ་དང་། རིམ་པ་བཞིན་ཉེན་ཁའི་གནས་ཀྱི་རྩིས་ཁྲ་བཏོན་ཏེ་ཉེན་ཁའི་གནས་ང་གཉིས་ལ་ཞིབ་བཤེར་ལེགས་སྒྲིག་བྱས་པར་མ་ཟད། དམིགས་སའི་རང་བཞིན་ལྡན་པའི་སྔོན་འགོག་བྱེད་ཐབས་བརྒྱ་དང་ཞེ་བརྒྱད་གཏན་འབེབས་བྱས་ཏེ་ནང་དོན་སྟེང་ཡོངས་སུ་ཁེབས་པ་དང་འགན་འཁྲིའི་སྟེང་སྦྲེལ་མཐུད་དམ་པོ་བྱེད་པ། ལམ་ལུགས་སྟེང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་སོགས་མངོན་འགྱུར་བྱས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་སློབ་གསོ་དོ་དམ་ནན་མོ་མིན་པ་དང་ལས་བྱེད་པའི་ལྟ་ཞིབ་ཁྲོད་ཆབ་སྲིད་བྱང་ཚད་དང་ཐོབ་ཐང་ཆ་རྐྱེན། དག་གཙང་རང་གཅུན་སོགས་གནད་འགག་དམ་འཛིན་བྱས་པ་ནན་མོ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆབ་སྲིད་བྱང་ཚད་ཡིག་ཚགས་སོགས་བཙུགས་ཏེ་བསམ་བློ་དང་བྱ་བ། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་དོ་དམ་ཕྱོགས་ཀྱི་བྱེད་ཐབས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་བསླབ་བྱ་ཟབ་མོ་བསྡུ་ལེན་དང་། དཔེ་གཞི་དཔྱད་གཞིར་བཟུང་ནས་རྒྱུན་རྣམ་ཅན་གྱི་སློབ་སྲོལ་ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཉམ་དུ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཞི་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་བཅུ་གསུམ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་གཉིས་བཅས་སུ་སོང་ནས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་བརྒྱུད་དེ་སློབ་གསོ་གསོ་སྦྱོང་འཛིན་གྲྭ་ཉེར་ལྔར་ཡུལ་དངོས་ལྟ་ཞིབ་མཛུབ་སྟོན་བྱས་ནས་ཕྱོགས་བདུན་ཐད་ཀྱི་འབུར་ཐོན་གནད་དོན་རྙེད་པ་དང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྒྲིག་ཁྲིམས་ཀྱི་གཏན་འཁེལ་དང་འགལ་བ་དང་སློབ་མའི་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱས་པ་མི་བཟང་བའི་འབྲེལ་ཡོད་མི་སྣ་ཉི་ཤུ་སྒྲིག་སྲོལ་ལྟར་ཐག་གཅོད་བྱས།
ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་འགན་འཁྲི། འགན་ཁུར་བ་དང་པོའི་འགན་འཁྲིསོགས་ཀྱི་འགན་བཞི་མཐུན་སྦྱོར་གྱི་དོན་འཁྱོལ་ནང་རྐྱེན་འཐུང་ཚང་དུ་བཏང་། ཏང་ཡོན་ལས་བྱེད་པ་སོགས་རིམ་པ་དང་རིགས་བགར་ནས་ཁ་བརྡ་གྲོས་མོལ་བྱས་ཏེ་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་དང་བྱ་བའི་བླང་བྱ་བཏོན་ནས་དོ་དམ་ནན་མོ་བྱེད་པའི་འགན་འཁྲི་ཇེ་དམ་དུ་བཏང་། དུས་བཅད་ལྟར་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་བརྡར་གཅོད་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་ལག་བསྟར་ཐད་ཀྱི་ཉེན་ཁའི་གནད་དོན་ལ་འགུལ་རྣམ་ཞིབ་བཤེར་བྱེད་པའི་སྙན་ཞུའི་ནང་རྐྱེན་བཙུགས་པ་དང་། མགོ་འབུར་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་གཅིག་བསྡུས་སྒོས་ཞིབ་བཤེར་བརྡར་གཅོད་བྱས་ཏེ་དམིགས་སའི་རང་བཞིན་གྱི་སྔོག་འགོག་བྱེད་ཐབས་ལ་ཞིབ་འཇུག་དོན་འཁྱོལ་བྱས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་པ་གནད་འཁེལ་མིན་པ་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་འགན་འཁྲི་བདའ་འདེད་དང་ཁུལ་ཁོངས་ཡོངས་ལ་ཉེན་བརྡ་གཏོང་བ་དང་། ས་ཁོངས་གཅིག་ལ་བཅོས་སྐྱོང་བྱེད་པའི་ཕན་འབྲས་གྲུབ་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།