ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་ཟུང་སྦྲེལ་བྱས་ཏེ། སྲིད་ཁྲིམས་བཅོས་སྒྱུར་ལྟ་ཞིབ་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་དང་གསར་གཏོད་བྱས་པ་དང་། ཟུང་སྦྲེལ་གསུམ་ལ་དམིགས་ཏེ་སྲིད་ཁྲིམས་བཅོས་སྒྱུར་གྱི་ལས་འགན་ཁག་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་། མིག་སྔར། ལྟ་ཞིབ་དང་རྟོག་ཞིབ་ཀྱི་རིམ་པ་དང་པོ་ལེགས་འགྲུབ་བྱས་ཟིན་ལ། སྲིད་ཁྲིམས་མི་སྣའི་དཔུང་ཁག་འཛུགས་སྐྲུན་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་རིམ་བཞིན་གདམ་གསེས་འཁོར་སྐྱོད་གནས་ཚུལ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ལས་བྱེད་པས་གྱོད་གཞི་སྒྲུབ་པའི་གནས་ཚུལ་སོགས་གཙོ་བོར་བཟུང་ནས་ལྟ་ཞིབ་དང་རྟོག་ཞིབ་བྱས།

ལས་འགན་ལ་སྐུལ་བ་དང་གནད་དོན་དག་ཐེར་ཟུང་སྦྲེལ་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ། ལྟ་ཞིབ་བྱེད་ཡུལ་སྔར་ལས་འཐུས་ཚང་དུ་བཏང་། ལྟ་ཞིབ་ཁྱབ་ཁོངས་གཏན་ཁེལ་བྱེད་པ་དང་། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བར་སྐུལ་ཁྲིད་དང་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱས་པར་ཕྱིར་བལྟ་དང་སྤྱི་སྡོམ་དཔྱད་འཇོག་བྱས་པའི་ཐད་ཀྱི་གནད་དོན་ལ་དམིགས་ཏེ། ལྟ་ཞིབ་བྱ་བ་སྤེལ་ནས་བཅོས་སྒྱུར་གནད་དོན་དག་ཐེར་བྱ་བ་ཚད་ལྡན་ཡོང་བར་ཁག་ཐེག་བྱས།

ལྟ་སྐུལ་སློབ་སྟོན་དང་བརྟག་དཔྱད་ཞིབ་འཇུག་ཟུང་སྦྲེལ་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ་ལྟ་ཞིབ་བྱེད་ཐབས་སྔར་ལས་ནུས་ལྡན་དུ་བཏང་། བརྗོད་དོན་སློབ་གསོའི་འབྲེལ་ཡོད་བཀོད་སྒྲིག་དང་ཟུང་སྦྲེལ་དམ་ཟབ་བྱས་པ་དང་། ཏང་ཡོངས་ཀྱི་བརྟག་དཔྱད་ཞིབ་འཇུག་དར་སྤེལ་བྱེད་པའི་བྱ་བའི་ཇུས་གཞིའི་བླང་བྱ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དེ་སྲིད་ཁྲིམས་བཅོས་སྒྱུར་གྱི་ལྟ་ཞིབ་བྱ་བའི་ཁྲོད་འདྲེས་པར་བྱས། ལྟ་ཞིབ་དང་རྟོག་ཞིབ་ཀྱི་བྱེད་ཐབས་གཉིས་བཀོལ་སྤྱོད་བྱས་ཏེ། ས་གནས་སོ་སོ་ལས་ཁུངས་སོ་སོས་རང་ས་གནས་དང་མ་ལག་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་པར་མཛུབ་སྟོན་བྱས་པ་དང་། གཞི་རིམ་བཅོས་སྒྱུར་གྱི་གཙོ་གཞིའི་འགན་འཁྲི་མུ་མཐུད་ཇེ་དམ་དུ་བཏང་ནས། སྔར་ལས་དོན་དངོས་དང་མ་ལག་ལྡན་པ། ཕྱོགས་ཡོངས་ལ་ཁེབས་པའི་སྒོ་ནས་གཞི་རིམ་སྲིད་ཁྲིམས་ལས་ཁུངས་ཀྱི་སྲིད་ཁྲིམས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། སྲིད་ཁྲིམས་བཅོས་སྒྱུར་བྱ་བའི་སྤུས་འདེགས་ཕན་ནུས་ལ་ཁག་ཐེག་བྱས།

ལྟ་ཞིབ་མཇུག་འབྲས་དང་གྲུབ་འབྲས་ཚུལ་སྒྱུར་ཟུང་སྦྲེལ་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ་ལྟ་ཞིབ་གྲུབ་འབྲས་ཇེ་གསལ་དུ་བཏང་། དམིགས་འབེན་ཁྲིད་ཕྱོགས་དང་། གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་བརྒྱུད་དེ་སྲིད་ཁྲིམས་བཅོས་སྒྱུར་གྱི་ལྟ་ཞིབ་བྱ་བར་སྐུལ་འདེད་བཏང་བ་དང་། བརྟག་དཔྱད་ཞིབ་འཇུག་ནན་མོར་སྤེལ་ནས། གཞི་རིམ་སྲིད་ཁྲིམས་ལས་ཁུངས་ཀྱིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་རང་འགུལ་རང་བཞིན་མཐོ་རུ་བཏང་སྟེ། བཅོས་སྒྱུར་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས།

                                                                                          རིག་འཛིན་སྒྲོལ་མས་བསྒྱུར།