ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་གི་སྐུལ་སྤེལ་གྲོས་ཚོགས་པེ་ཅིང་དུ་བསྡུས།
2023.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 84

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་གི་སྐུལ་སྤེལ་གྲོས་ཚོགས་པེ་ཅིང་དུ་འཚོགས། ཚོགས་ཐོག་ནས་ས་གནས་དང་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ་བཅས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་སྦྱོང་བྱེད་ཞོར་དུ་ཞིབ་བསྡུར་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། གནད་དོན་དག་ཐེར་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། གཙོ་གནད་གནད་དོན་ལ་དམ་པོར་དམིགས་པ་དང་། གནད་དོན་ངོ་མར་འཇུས་ནས་འཐབ་ཕོད་པ། ལས་ཀའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས། དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།