ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྫོང་ཁོངས་སྨན་བཅོས་དང་སྤྱི་བའི་འཕྲོད་བསྟེན་ཐོན་ཁུངས་ལ་བརྟེན་ནས་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་དང་བེད་སྤྱོད་ཕན་ནུས་ཆེ་རུ་བཏང་བ་དང་། དམ་པོའི་རིགས་ཀྱི་རྫོང་ཁོངས་སྨན་བཅོས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་མི་དམངས་མང་ཚོགས་ལ་དཔལ་འབྱོར་དང་སྤུས་ལེགས། སྟབས་བདེ་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱས།

འགན་འཁྲིའི་ཐུན་མོང་སྒྲིག་གཞི་ཇེ་བརྟན་དུ་བཏང་ནས་འགན་དབང་དང་ཁེ་དབང་གི་འབྲེལ་བ་སྔར་ལས་ཁ་གསལ་དུ་བཏང་། ཞིང་ཆེན་ཡོངས་ཀྱི་རྫོང་སོ་དྲུག་གིས་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་ལག་བསྟར་ཇུས་གཞི་བཟོས་ཏེ་ཕྱིར་བཏོན་པ་དང་། བརྒྱ་ཆའི་བདུན་ཅུའི་རྫོང་དུ་ཏང་ཨུའི་སྲིད་གཞུང་གིས་འགོ་ཁྲིད་པའི་རྫོང་ཁོངས་སྨན་བཅོས་སྤྱི་གཟུགས་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་དུས་ལྟར་རྫོང་ཁོངས་སྨན་བཅོས་སྤྱི་གཟུགས་བྱ་བར་ཞིབ་འཇུག་བྱས་ལ། བརྒྱ་ཆའི་དྲུག་ཅུའི་རྫོང་ཁོངས་སྨན་བཅོས་སྤྱི་གཟུགས་ལ་ཇུས་ཐག་གཅོད་པའི་དབང་ཆ་ཡོད་ཅིང་། འགན་དབང་གསལ་ཐོ་ཁ་གསལ་བཟོས་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ལ་དོ་དམ་ཞིབ་ཚགས་བྱེད་པའི་དབང་ཆ་བྱིན།

དོ་དམ་གཅིག་མཐུན་འདུས་གྲུབ་དོན་འཁྱོལ་བྱས་ནས་ཐོན་ཁུངས་བེད་སྤྱོད་ཕན་ནུས་སྔར་ལས་ཆེ་རུ་བཏང་། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་མང་ཆེ་བས་གཅིག་གྱུར་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། སྨན་བཅོས་ཐུན་མོང་ཚོགས་པ་ཁོངས་གཏོགས་ཀྱི་མི་སྣ་དང་ནོར་དོན། སྨན་རྫས་ཀྱི་ཟད་གྲོན་དོ་དམ་འཛུགས་པ་དང་འཐུས་ཚང་། ཚད་ལྡན་དུ་བཏང་ལ། བརྒྱ་ཆའི་རེ་གཉིས་ཀྱི་རྫོང་གིས་མི་སྣ་གཅིག་གྱུར་དོ་དམ་དོན་འཁྱོལ་དང་། བརྒྱ་ཆའི་བདུན་ཅུའི་རྫོང་གིས་ནོར་དོན་གཅིག་གྱུར་དོ་དམ་དོན་འཁྱོལ་བྱས་ཤིང་། བརྒྱ་ཆའི་དོན་བརྒྱད་ཀྱི་རྫོང་གིས་སྨན་རྫས་གཅིག་གྱུར་དོ་དམ་བྱས་ནས་རྫོང་ཁོངས་ཐོན་ཁུངས་ཀྱི་བེད་སྤྱོད་ལས་ཕྱོད་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་། བརྒྱ་ཆའི་སོ་བདུན་གྱི་རྫོང་གིས་འཕྲོད་བསྟེན་བདེ་ཐང་གི་ཆ་འཕྲིན་ཕྱོགས་བསྡུས་དོ་དམ་སྟེགས་བུ་བཙུགས་ཏེ་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་བཏང་།

ཞབས་ཞུའི་ཐུན་མོང་སྒྲིག་གཞི་བཏོད་དེ་རིམ་དབྱེའི་སྨན་བཅོས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཞིང་། རྫོང་རིམ་པའི་སྣེ་ཁྲིད་སྨན་ཁང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་བརྒྱ་དང་གྱ་གསུམ་སྤེལ་རྒྱུར་རོགས་རམ་བྱས། སྣེ་ཁྲིད་སྨན་ཁང་གི་གཤམ་འོག་ཏུ་བསྒྱུར་བའི་ནད་པའི་གྲངས་འབོར་གྱིས་36.39%ཟིན་པ་དེ་2020ལོ་ལས་12.5%འཕར་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་པ་དཀའ་བཅུ་པ་མི་རེས་ཉིན་རེར་ཆ་སྙོམས་མི་ཐེངས་6.52ལ་སྨན་བཅོས་བྱེད་འགན་འཁུར་བ་དང་། ནད་ཁྲིའི་སྤྱོད་ཚད་4.76%ཟིན་ཡོད།

ཞིང་ཆེན་ཡོངས་སུ་དམ་པོའི་རིགས་ཀྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་སྒྱུར་བཅོས་བྱ་བ་སྤེལ་ཏེ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་། 2022ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ་ རིགས་གཉིས་པའི་ནད་པ་འབུམ་གསུམ་དང་སྟོང་གཉིས་སུམ་བརྒྱ་དང་འབུམ་བརྒྱད་དང་དྲུག་བརྒྱ་ལ་དོ་དམ་བྱས་པས་རྒྱལ་ཁབ་ཀྱི་ཉིན་རེའི་དམིགས་ཚད་ཀྱི་105%དང་115%ལེགས་སྒྲུབ་བྱས་པ་དང་། ཚད་ལྡན་དོ་དམ་བྱེད་ཚད་77.7%དང་77.2%ཟིན་པས་རྒྱལ་ཁབ་ཀྱི་དམིགས་ཚད་ལས་16.7%དང་16.2%ཀྱིས་མཐོ་བ་རེད། ལོ་ལོན་ཅན་གྱི་བདེ་ཐང་ལ་དོ་དམ་བྱེད་ཚད་69.99%ཟིན་པ་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་8.99%ཡིས་མཐོ་བ་རེད།

ཤ་བོ་གསེར་མཚོས་བསྒྱུར།