ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས་ཀྲུང་ལུགས་སྨན་བཅོས་ཞབས་ཞུའི་ནུས་པ་ཤུགས་དྲག་ཏུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་བསྐངས།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས་དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་འཇོག་ཅེས་པའི་སྤྱིའི་བླང་བྱ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་རྒྱུ་བྱ་བ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་སྤུས་ལེགས་ཀྲུང་ལུགས་སྨན་རྫས་ཞབས་ཞུའི་བདེ་ཐང་དགོས་མཁོ་སྐོང་ཅི་ཐུབ་བྱས།

ཞིང་ཆེན་ཀྲུང་བོད་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས་རང་འགུལ་སྒོས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་དང་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་ཀྲུང་ནུབ་གསོ་རིག་མཉམ་འབྲེལ་སྨན་ཁང་འཛུགས་སྐྲུན་གྱི་ཚོད་ལྟའི་རྣམ་གྲངས་དངོས་འབེབས་བྱེད་པ་དམིགས་སུ་བཟུང་སྟེ།   མིག་སྔར་རྣམ་གྲངས་གཉིས་མཚོ་སྔོན་ནས་དངོས་འབེབས་བྱས་ཡོད་པས། རང་ཞིང་གི་སྤུས་ལེགས་ཀྲུང་ལུགས་སྨན་བཅོས་ཀྱི་ཐོན་ཁུངས་རྒྱ་སྐྱེད་དང་ཁུལ་ཁོངས་དོ་སྙོམ་ལ་སྐུལ་འདེད་གང་ལེགས་བཏང་། དུས་མཉམ་དུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། བོད་སོག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་འགན་སྲུང་དཀར་ཆག་རྒྱལ་ཡོངས་སུ་སྔོན་ལ་འགྲེམ་སྤེལ་བྱས་ནས། བོད་སོག་སྨན་རྫས་རིགས་སྣ492ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་དངུལ་སྤྲོད་ཀྱི་ཁྱབ་ཁོངས་ཁྲོད་བཞག་པས།  ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་བརྒྱ་ཆའི་དོན་གཅིག་དང་གྲངས་ཆུང་བཞི་ཟིན་པ་དང་། གྲོང་གསེབ་སྨན་བཅོས་ལས་ཁུངས་ལ་བོད་སྨན་འདང་ངེས་མེད་པའི་གནད་དོན་ཐག་བཅད་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་།

ཀྲུང་ལུགས་སྨན་རྫས་འཇོན་མིའི་དཔུང་སྡེ་གསོ་སྐྱོང་དང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཁྱད་ཆོས་ལྡན་པའི་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་དང་གསར་སྤེལ་བྱེད་པའི་འཇོན་མི་གསོ་སྐྱོང་རྣམ་པ་གྲུབ་པར་བྱས། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་ཁམས་གསོའི་ལག་རྩལ་བྱིས་པའི་མཉེད་འཕུར་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་སྨན་པའི་བྱིས་པའི་མཉེད་འཕུར་ལག་རྩལ་གྱི་རྐང་འཛིན་མི་སྣ་བརྒྱ་དང་རེ་དྲུག་གསོ་སྦྱོང་ལ་ཞུགས། སྐོར་ཁག་བདུན་པའི་རྒྱལ་ཡོངས་ཀྲུང་ལུགས་སྨན་བཅོས་ཆེད་མཁས་པའི་རིགས་གཞུང་ཉམས་མྱོང་རྒྱུན་འཛིན་རྣམ་གྲངས་ཀྱི་རྒྱུན་འཛིན་པའི་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་སྨན་ཁང་གི་རྐང་འཛིན་འཇོན་མིའི་གསོ་སྦྱོང་སོགས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་ཀྱི་སྨན་རྫས་ཆེད་ལས་ལག་རྩལ་མི་སྣ572ལ་གསོ་སྦྱོང་བྱས་པས།  གཞི་རིམ་སྨན་བཅོས་མི་སྣས་ཀྲུང་ལུགས་ཁམས་གསོ་ལག་རྩལ་བཀོལ་ནས་ནད་རིགས་འགོག་བཅོས་བྱེད་པའི་ནུས་པ་མཐོ་རུ་བཏང་བ་མ་ཟད། ཀྲུང་ལུགས་སྨན་བཅོས་ལག་རྩལ་དང་ཕྱི་བཅོས་ཁྱད་ལྡན་གསོ་ཐབས་ཁྱབ་གདལ་དུ་བཏང་།

                                                                                                   རིག་འཛིན་སྒྲོལ་མས་བསྒྱུར།