ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་བརྗོད་དོན་སློབ་གསོ་སྤེལ།
2023.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།   ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་པའི་དམིགས་འབེན་ལ་དམིགས་ཏེ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་བྱེད་ཐབས་བཟང་བོ་འདོན་པ།   དོན་དངོས་སྒྲུབ་པ་བཅས་བྱས་ཏེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱིས་དམངས་འཚོའི་ལ་ཕན་འདོགས་པ་དང་དམངས་ཀྱི་དཀའ་ཁག་སེལ་བར་བྱས།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩིས་ཏེ་ཀྲུང་དབྱང་གི་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་དགུ་བརྩོན་ལེན་བྱས་ནས་ལོ་ཧྲིལ་བོའི་འགྲིམ་འགྲུལ་གཏན་འཇགས་དངུལ་གཏོང་བརྟན་འཇགས་སུ་གཏོང་བར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

དེ་དང་མཉམ་དུ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བརྟག་དཔྱད་ཞིབ་འཇུག་ཐེངས་ཉི་ཤུར་སྤེལ་བ་དང་།   ཁེ་ལས་ཞེ་བདུན་གྱིས་ཕྱིར་ལྡོག་བྱས་པའི་གནད་དོན་ང་བདུན་ཐག་བཅད་པར་མ་ཟད།       ལྟ་ཞིབ་དག་ཐེར་ལེགས་བཅོས་ཀྱི་རྩིས་ཁྲ་དང་དམངས་ཚིས་ལས་གཞིའི་རྩིས་ཁྲ།   ཆེད་དོན་དག་ཐེར་ལེགས་བཅོས་ཇུས་གཞི་སོགས་རྩིས་ཁྲ་གཉིས་དང་ཇུས་གཞི་གཅིག་ཕྱིར་བཏོན་ནས།   འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་མི་འདང་ས་བཞི་དང་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གསུམ་ཐག་བཅད་དེ།   དཀའ་གནད་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད།  དོན་དངོས་སྒྲུབ་པ།   དམངས་ཀྱི་དཀའ་ངལ་སེལ་བ་བཅས་མངོན་འགྱུར་ཡོང་བར་བྱས།  

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།