མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཀྲུང་དབྱང་བརྗོད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་དག་ཐེར་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་པ་དང་། རང་ཞིང་གི་དག་ཐེར་བཅོས་སྐྱོང་བྱ་བ་སྔར་ལས་དམ་འཛིན་བྱེད་པའི་ཐད་ནས་བཀོད་སྒྲིག་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུས་འགོ་ཁྲིད་བརྟན་པོ་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་མཛུབ་སྟོན་ཞིབ་མོའི་འོག སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་གཅིག་ཅན་བརྒྱད་ཀྱི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། སློབ་སྦྱོང་བྱེད་ཞོར་དུ་ཞིབ་བཤེར་དང་དག་ཐེར་བྱེད་པ་རྒྱུན་འཁྱོངས་བྱས་ལ། དངོས་གནས་དག་ཐེར་དང་དག་ཐེར་ནན་མོ་བྱས་པ་དང་། ཧ་ཅང་མཐོང་ཆེན་བྱས་པ་དང་གནད་དོན་ལ་གྲལ་བཤེར་ཡང་དག་བྱས་ལ། ལྟ་ཞིབ་དག་ཐེར་བཟང་བོ་བྱས་པ་དང་བཤེར་འབེབས་སྒོ་སྲུང་ནན་མོ་བྱས་ལ། གོང་འོག་མཉམ་འབྲེལ་དམ་པོ་བྱས་པས། དག་ཐེར་བཅོས་སྐྱོང་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ན་ཡང་། དག་ཐེར་བྱེད་ཐབས་རགས་པ་དང་དག་ཐེར་ཐོ་བསུབ་བྱེད་ཚད་མི་འདྲ་བ། ཆེད་དོན་བཅོས་སྐྱོང་གི་གྲུབ་འབྲས་མི་འདང་བ་སོགས་ཀྱི་གནད་དོན་ཡོད།
ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། སྟོབས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་བཟང་བོས་དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་དགོས། གཙོ་གནད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་ལ་དམིགས་ནས་འགྲོ་བ། གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ། དཀའ་གནད་ཐག་གཅོད་པའི་སྟེང་ཕན་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། བྱ་སྤྱོད་དངོས་ཀྱི་སྟེང་ནས་རྩ་བ་ནས་དག་ཐེར་བྱེད་པ་དང་དག་ཐེར་བཟང་བོ་བྱེད་དགོས། འབུར་ཐོན་གནད་དོན་ལ་ཤན་སྦྱར་བ་དང་། ལྟ་ཞིབ་དང་དབྱེ་ཞིབ་ཟབ་མོ་བྱས་ནས། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྤུས་ཚད་མཐོ་བ་དང་གྲུབ་འབྲས་བཟང་བོར་བསྡུ་བར་ཁག་ཐེག་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། དག་ཐེར་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ། འབུར་ཐོན་གནད་དོན་དང་གནད་དོན་གཙ་བོར་དམ་དུ་དམིགས་པ། དག་ཐེར་བཅོས་སྐྱོང་བྱ་བ་འགོ་མཇུག་བར་གསུམ་དུ་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གནད་དོན་ཐག་གཅོད་པའི་ཕན་འབྲས་དངོས་ཀྱི་ཁྲོད་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་མངོན་གསལ་མཐོང་ཐུབ་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།