ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཁྲིན་ཏུའུ་གྲོང་ཁྱེར་གྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་དུ་ཤུགས་བསྣན་ནས། “དགོངས་པར་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་པ་དང་། གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་གནད་དོན་ལ་དམ་པོར་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས། གཞུང་ལུགས་སློབ་སྦྱོང་གི་ཕན་འབྲས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོ་མི་སེམས་ལ་ཟུག་པར་བྱེད་པ་དང་ལག་ལེན་དངོས་སུ་བསྒྱུར་གང་ཐུབ་བྱས།
ཁྲིན་ཏུའུ་གྲོང་ཁྱེར་གྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་བརྩིས་ནས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་མ་རྩོམ་ཀློག་པ་དང་མ་ཡིག་གི་ནང་དོན་བྱང་ཆུབ་པར་བྱེད་པ། དུས་ཐོག་ཏུ་ཐུན་མོང་སློབ་སྦྱོང་ལ་དམ་འཛིན་བྱེད་པ། དུས་མཚམས་དབྱེ་བ་དང་ཆེད་དོན་དགར་བའི་སྒོ་ནས་གྲོང་ཁྱེར་རིམ་པའི་མགོ་ཁྲིད་ལས་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བར་མ་ཟད། ལས་ཁུངས་སོ་སོས་དུས་གཅིག་ཏུ་འཛིན་གྲྭ་གཉེར་བ་དང་དུས་གཅིག་ཏུ་སློབ་སྦྱོང་བྱ་རྒྱུར་མཛུབ་སྟོན་བྱས་ནས། ཐུན་མོང་བགྲོ་གླེང་དང་ཡུལ་དངོས་ནས་སློབ་སྦྱོང་བྱས་པ་ལས་གཞན། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པའི་ཇུས་གཞི་དཔར་འགྲེམས་བྱས་པ་དང་། གྲོང་ཁྱེར་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་སོ་གཉིས་དང་། ལས་ཁུངས་གོ་དྲུག་གི་ཏང་ཡོན་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཆེད་དོན་ཏང་གི་སློབ་ཚན་ཁྲིད།
ཁྲིན་ཏུའུ་གྲོང་ཁྱེར་གྱིས་སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱས་པར་མ་ཟད། ད་དུང“ཏང་ཡོན་ཁྱིམ་ཚང”དང་། ཏང་འཛུགས་སྐད་འཕྲིན་དང་བརྙན་འཕྲིན་འཕྲིན་ལམ་བཅས་གཞི་གཅིག་ཅན་གྱི། “རུང་ཁྲིན་གདོང་ལེན་པའི”ཏང་ཡོན་སློབ་གསོའི་སྨྱན་སྦྱོར་ལས་སྟེགས་བསྐྲུན་ནས། གཞུང་ལུགས་སློབ་སྦྱོང་ལ་སྔར་ལས་བློ་གྲོས་སྣོན་པ་དང་སྟབས་བདེ་ཡོང་བར་སྐུལ་འདེད་བཏང་།
ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་ལས་འགན་གཙོ་བོར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སེམས་པ་ནང་དུ་གནས་པའི་སྒོ་ནས་རང་སྦྱོང་བྱ་རྒྱུར་དམ་འཛིན་གང་ལེགས་བྱེད་པ་དང་། ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ ཆེད་དོན་བགྲོ་གླེང་སོགས་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སྒོས་སྤྱོད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་གསར་གཏོད་ གཞུང་ལུགས་མི་སེམས་ལ་ཟུག་པར་བྱས་པ་དང་། ཏང་ཡོན་ལས་བྱེད་པས་བསམ་བློ་གཏོང་མཁས་དང་བསམ་བློ་བཀོལ་མཁས་བྱ་རྒྱུའི་ཐད་འགན་ལེན་གང་ལེགས་བྱས།
བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱས་ནས་འགན་ནུས་སྒྲུབ་པའི་འཇོན་ཐང་སྔར་ལས་ཆེ་རུ་བཏང་། བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པ་ནས་བཟུང་། ཁྲིན་ཏུའུ་གྲོང་ཁྱེར་གྱིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། “སློབ་སྦྱོང་དང་རྟོག་ཞིབ་སྔོན་ལ་བྱེད་པ་དང་། འཆར་འགོད་དང་སྣེ་ཁྲིད་སྔར་ལས་འཐུས་ཚང་དུ་གཏོང་བ། ལས་གཞིའི་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། རིག་ནུས་འདེགས་སྐྱོར་ནུས་ལྡན་སྤྲོད་པ། མཐའ་སྣེའི་ནུས་པར་ཞིབ་བཤེར་བྱེད་པ”བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་འཁུར་བ་དང་། འགན་ནུས་སྡེ་ཁག་དེའི་ཁྲོད་དངོས་སུ་ཞུགས་པ། འབྲེལ་ཡོད་ལས་ཁུངས་ཀྱིས་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་རྟོག་ཞིབ་ལས་དོན་མ་ལག་ཅིག་དངོས་སུ་གྲུབ་པར་བྱས་ནས། ཁྱབ་ཁོངས་མང་བའི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ནས། ཐབས་ཇུས་རང་བཞིན་གྱི་རྟོག་ཞིབ་ཇུས་གཞི་སྟོང་གསུམ་དང་བཞི་བརྒྱ་ལྷག་དངོས་སུ་བཟོས་ནས། བརྟག་དཔྱད་ཞིབ་འཇུག་ལས་དོན་གཏིང་ཟབ་དང་བརྟག་དཔྱད་ཞིབ་འཇུག་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་།
ཁྲིན་ཏུའུ་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་སྒོ་ནས་མུ་མཐུད་དུ་བརྗོད་དོན་སློབ་གསོར་ཤུགས་སྣོན་རྒྱུ་དང་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་བཅས་ལ་དམ་འཛིན་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་བྱེད་པ་དང་ཏན་ཏིག་གི་ཕྱོགས་སུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་ཕན་འབྲས་ལ་བརྟེན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་ནན་མོ་བྱེད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།