ཟླ་བརྒྱད་པའི་ཚེས་བཅུ་ཉིན། ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དམངས་ཚིས་ལས་གཞི་གལ་ཆེན་སྐོར་ཞིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས།
ཟླ་བཞི་པའི་ཚུན་ལ། ཞིང་ཆེན་དམངས་སྲིད་ཐིན་གྱིས་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་རང་འགུལ་ཤེས་རྟོགས་ནང་རྐྱེན་དོན་འཁྱོལ་ནན་མོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཡོང་འབབ་དམའ་བའི་མི་གྲངས་འབུམ་བརྒྱད་ལྷག་འགུལ་རྣམ་ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་སུ་བཞག་པ་དང་། གྲོང་གསེབ་དར་སྤེལ་དང་སྨན་བཅོས་འགན་སྲུང་སོགས་སྡེ་ཁག་དང་དཔྱད་བསྡུར་གཞི་གྲངས་ཉེར་གཅིག་མཉམ་སྤྱོད་བྱས་པ་དང་། གྲོང་གསེབ་དར་སྤེལ་སྡེ་ཁག་གིས་ངོས་འཛིན་བྱས་པའི་ཁྱིམ་ཚང་སྟོང་ལྔ་དང་བཞི་བརྒྱ་གྱ་གཅིག་དང་ལྟ་ཞིབ་ཚད་ལེན་བྱེད་ཡུལ་ཁྲི་གཉིས་དང་ལྔ་བརྒྱའི་ཁྲོད་ཀྱི་ཁྱིམ་ཚང་སྟོང་བཞི་དང་ཉིས་བརྒྱ་ཉེར་གསུམ་དང་མི་ཁྲི་གཅིག་དང་བདུན་ཅུ་དམངས་སྲིད་རོགས་སྐྱོབ་ཀྱི་འགན་སྲུང་ཁྱབ་ཁོངས་སུ་བཞག དེར་མ་ཟད། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་གྱི་ཆ་འཕྲིན་བསྡུར་བཤེར་མ་ལག་ཚུལ་སྒྱུར་རིམ་སྤོར་བྱས་ཏེ་འགན་སྲུང་བྱེད་འོས་པ་ཐམས་ཅད་འགན་སྲུང་བྱེད་པ་དང་རོགས་སྐྱོབ་བྱེད་འོས་པ་ཡོད་ཚད་རོགས་སྐྱོབ་བྱེད་པ་མངོན་འགྱུར་བྱས།
དམངས་སྲིད་མ་ལག་རང་སྟེང་གི་ལས་རིགས་དགེ་མཚན་འདོན་སྤེལ་བཟང་བོ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་ཁྲོད་རྙེད་པའི་གནད་དོན་དང་མང་ཚོགས་ཀྱི་བསམ་འཆར་ལ་དམིགས་ཏེ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་གྲབས་གསོག་བྱས་ནས་གྲོང་གསེབ་དར་སྤེལ་དང་གནས་སྤོར་བྱས་པའི་ལོ་ལོན་རྒན་པ་རྣམས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྡེ་བའི་ཐོན་ལས་དར་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པ་སོགས་དམངས་སྲིད་ཁོངས་གཏོགས་ཀྱིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་གཞི་བཅུ་ལག་བསྟར་བྱེད་པར་རོགས་འདེགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།