ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་ལ། ཚོང་དོན་པུའུ་ཡིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན་ལ་སྟངས་འཛིན་ནན་མོ་བྱས་ནས། གཞུང་ལུགས་སློབ་སྦྱོང་བྱས་པར་བརྟེན་ནས་སློབ་སྦྱོང་རྣལ་མ་དང་ཤེས་རྟོགས་རྣལ་མ། ཡིད་ཆེས་རྣལ་མ། བཀོལ་སྤྱོད་རྣལ་མ་བཅས་ཀྱི་ཕན་འབྲས་དངོས་ཐོན་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་དོན་ལྡན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཞིབ་བཤེར་དང་དག་ཐེར་ཡོ་བསྲང་ཏན་ཏིག་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་བསྒྱུར་གང་ཐུབ་བྱས་ཏེ། ཚོང་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།
བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཚོང་དོན་པུའུ་ཡི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ། མ་རྩོམ་ཀློག་པ་དང་མ་ཡིག་ལ་སློབ་སྦྱོང་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཙོ་གནད་ཆེད་དོན་ལ་དམ་པོར་དམིགས་ནས་ཐུན་མོང་བགྲོ་གླེང་བྱས་ཏེ། མ་ཡིག་ལ་ཇི་མ་ཇི་བཞིན་གྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་ཐུན་མོང་བགྲོ་གླེང་གི་ལམ་ནས་སློབ་སྦྱོང་བྱེད་པ། ཆེད་མཁས་པས་ཟུར་ཁྲིད་བྱས་ཏེ་སློབ་སྦྱོང་བྱེད་པ། ཡུལ་དངོས་ནས་ལྟ་སྐོར་བྱས་ཏེ་སློབ་སྦྱོང་བྱེད་པ་བཅས་ཟུང་འབྲེལ་བྱས་ནས་སློབ་སྦྱོང་ནན་མོ་བྱས་པ་བརྒྱུད། གཞི་ནས་བརྗོད་དོན་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་།
ཚོང་དོན་པུའུ་ཡིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུའི་འཐབ་ཇུས་ལས་འགན་དེར་སྟངས་འཛིན་ནན་མོ་བྱས་ཏེ། ཏང་ཡོན་ལས་བྱེད་པས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུ་དང་། ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་ལ་གྲུབ་ཆ་ལེགས་སྒྱུར་བྱེད་པ། ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་ལེན་དང་བེད་སྤྱོད་ལ་སྐུལ་འདེད་སྔར་ལས་ཤུགས་ཆེན་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་ཏེ། དཀའ་ཁག་ངོ་མ་སེལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དོན་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ཐད་རྩ་འཛུགས་བྱས་ནས་ཁྲིད་སྟོན་གང་ལེགས་བྱས།
བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱས་ནས་འགན་འཁྲི་སྒྲུབ་པའི་འཇོན་ནུས་ཆེ་རུ་བཏང་སྟེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་ཕན་འབྲས་དངོས་ལ་བསྒྱུར།
བན་དེ་སྐྱབས་ཀྱིས་བསྒྱུར།