ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།
2023.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 72

ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་ཏེ་སྤྱི་བསྡོམས་གཏམ་བཤད་སྤེལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མི་དག་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་བདེ་བླག་ངང་བསྡུ་བར་ཧ་ཅང་མཐོང་ཆེན་བྱས། ཚོགས་འདུའི་སྔོན་ལ་ཐུན་མོང་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ་བྱེད་པ་དང་། ཆེད་དོན་གྲོས་བསྡུར་བྱེད་པ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པ་ཟུང་འབྲེལ་བྱས་ཏེ། བརྗོད་སྙིང་གནད་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཁ་བརྡ་བྱེད་པ་དང་ནན་ཏན་གྱིས་དཔེ་བསྡུར་ཞིབ་བཤེར་རྒྱུ་ཆ་བྲིས་ནས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། དམངས་གཙོའི་འཚོ་བའི་གྲོས་ཚོགས་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་བཤེར་གནད་དོན་ལེགས་བཅོས་དངོས་འབེབས་བྱས་པའི་གནས་ཚུལ་སྙན་ཞུ་བྱས། ཝང་ལིས་མེན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གིས་དཔེ་བསྡུར་ཞིབ་བཤེར་བྱས་པ་དང་། སྣེ་ཁྲིད་ནས་མི་སྒེར་གྱི་དབྱེ་ཞིབ་བྱས་ནས་རང་འགུལ་གྱིས་སྐྱོན་བརྗོད་དང་ལེན་བྱས་པར་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དག་གིས་རེ་རེ་བཞིན་དཔེ་བསྡུར་ཞིབ་བཤེར་བྱས་པ་དང་། གཟབ་ནན་གྱིས་སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་མགོ་ཁྲིད་ཚན་ཁག་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ། སེམས་ཤུགས་བཅས་མཐོར་འདེགས་བྱས་ནས་སྔོན་དཔག་གི་དམིགས་འབེན་དུ་སླེབས་ཡོད།

ཝང་ལིས་མེན་གྱིས་སྤྱི་བསྡོམས་གཏམ་བཤད་སྤེལ་སྐབས་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱེད་པ་དང་། བསྟུད་མར་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་རང་སྟེང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་ལྔའི་རེ་བ་བཏོན། གཅིག་ནས་དགོངས་པ་སློབ་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་དགོས། གཉིས་ནས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་འགན་སྲུང་བྱེད་དགོས། གསུམ་ནས་ལག་ལེན་གཙོར་འཛིན་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་གཞུང་དྲང་རྣམ་དག་གིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་དགོས། བཞི་ནས་བྱས་རྗེས་གསར་བ་འཇོག་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ལས་ཁུངས་བཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལྔ་ནས་ཕན་འབྲས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཟོལ་མེད་ཀྱིས་བཅོས་སྒྱུར་དག་ཐེར་དམ་འཛིན་བྱེད་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།