ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།
2023.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཏང་ཕྱིའི་ཀྲུའུ་ཞི་གཞོན་པ་ཟུར་ཞུགས་བྱས་ལ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། གྲོས་ཚོགས་སྔོན་དུ། སློབ་སྦྱོང་བགྲོ་གླེང་སྤེལ་བ་དང་། བསམ་འཆར་བསྡུ་ལེན་བྱས་ལ། གླེང་མོལ་བྱས་པ་དང་ཞིབ་བཤེར་གནད་དོན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། ཞིབ་སྡུར་ཞིབ་བཤེར་ཡིག་ཆ་ནན་མོར་བྲིས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་ཆེད་རྨང་གཞི་བརྟན་པོ་བཏིངས། གྲོས་ཚོགས་སྐབས་སུ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་། གཅིག་བསྡུས་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་བྱས་པར་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་སྡུར་ཞིབ་བཤེར་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་བརྗོད་དོན་སློབ་གསོ་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་། 2022ལོའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་བཤེར་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚབ་བྱས་ནས་ཞིབ་སྡུར་ཞིབ་བཤེར་བྱས་པར་མ་ཟད། འགོ་ཁྲིད་དེ་གཏམ་བཤད། ཏང་ཙུའུ་ཁོངས་མིས་རེ་རེ་བཞིན་མི་སྒེར་གྱི་ཞིབ་སྡུར་ཞིབ་བཤེར་གྱི་གཏམ་བཤད་སྤེལ་བ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

མགོན་པོ་བཀྲ་ཤིས་ཀྱིས་སྤྱི་སྡོམ་གཏམ་བཤད་བྱེད་སྐབས་བསྟན་དོན། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་པ་དང་། ཞིབ་སྡུར་ཞིབ་བཤེར་གཏིང་ཟབ་བྱས་ལ། ཕན་ཚུན་སྐྱོན་བརྗོད་དྲང་མོར་བྱས་པ་དང་། མཛུབ་སྟོན་ལྟ་སྐུལ་ཤུགས་དང་ལྡན་ལ། ཏང་ཙུའུ་ཁོངས་མིས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་སྦྱོང་བརྡར་ནན་མོ་དང་ལེན་བྱས་པ་དང་། བསམ་བློའི་སྟེང་ནས་བསླབ་བྱ་ནན་མོ་ཐོབ་ལ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་། ཁོས་ནན་གྱིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་སྟེང་ཤུགས་འདོན་པ་དང་གྲུབ་འབྲས་ལེན་པ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་བ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་རྒྱུ་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དག་ཐེར་ལེགས་བཅོས་བྱེད་པའི་སྟེང་ཤུགས་འདོན་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱུན་རྣམ་ཡུན་ཕན་ལ་ཁག་ཐེག་བྱེད་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་དམིགས་ནས་འགན་སྒྲུབ་བྱེད་པ་དང་། རྒྱལ་དོན་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གལ་ཆེན། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་བྱ་བ་སེམས་ལ་འཛིན་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། བློ་འདོན་ཇུས་འབུལ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་སྲིད་གྲོས་ཀྱི་ཤེས་རིག་དང་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།