ཁྲིན་ཀང་ཏང་ཡོན་དཀྱུས་མའི་ཐོང་ཐང་གིས་ཁོ་ཡོད་སའི་ཏང་ཀྲི་པུའུ་ཡི་བརྗོད་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས།
2023.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་ཏང་ཡོན་དཀྱུས་མའི་ཐོབ་ཐང་གིས་ཁོ་ཡོད་སའི་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས་ནས། ཏང་ཀྲི་པུའུ་ཡི་ཁོངས་མི་དང་གླེང་མོལ་བརྗེ་རེས་བྱས།

རྩ་འཛུགས་འཚོ་བའི་གྲོས་ཚོགས་སྟེང་ཏང་ཀྲི་པུའུ་ཡི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཏང་ཀྲི་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞིབ་སྡུར་ཞིབ་བཤེར་བྱས་ལ། ཀྲི་པུའུ་ཡི་ཁོངས་མིས་མི་སྒེར་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སོ་སོར་གཏམ་བཤད་བྱས་ཏེ། མྱོང་ཚོར་གླེང་བ་དང་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་བྱ་བའི་མི་འདང་སར་ཕྱིར་འདང་བརྒྱབ་ལ། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་བྱས་པ་དང་། དག་ཐེར་ལེགས་བཅོས་ཀྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ལས་ཁུངས་ཀྱི་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་དཔྱད་འཇོག་བྱས། གཏམ་བཤད་ལ་ཉན་རྗེས། ཁྲིན་ཀང་གིས་ཚང་མའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཏང་ཀྲི་པུའུ་ཡི་ཁོངས་མི་དང་རང་ཉིད་ཀྱི་བྱ་བའི་བརྒྱུད་རིམ་དང་སློབ་སྦྱོང་གི་མྱོང་ཚོར། མི་ཚེའི་མྱོང་རྟོགས་མཉམ་སྤྱོད་བྱས་པ་དང་། ཚང་མས་ལང་ཚོ་སྟོང་ཟད་དུ་མི་གཏོང་བ་དང་རླབས་ཆེན་གྱི་དུས་རབས་ཆུད་ཟོས་སུ་མི་གཏོང་བ། དཔེ་ཆ་མང་པོ་ཀློག་པ་དང་རྟོག་ཞིབ་མང་པོ་བྱེད་པ། བསྡུ་རུབ་མང་པོ་བྱེད་པ། བསམ་གཞིགས་ཐེངས་མང་བཏང་སྟེ། བྱ་བའི་གྲུབ་འབྲས་སྔར་ལས་ཆེན་པོས་རྩ་འཛུགས་ཀྱི་ཡིད་རྟོན་དང་རེ་སྒུག་ལ་དྲིན་ལན་འཇལ་རྒྱུའི་སྐུལ་སློང་བཏང་།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ལོ་བཅུའི་ནང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ལ། དེའི་རྩ་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་ལ་རག་ལས། སེམས་གཏིང་ནས་གཙོ་འཛིན་ལ་དགའ་གུས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་གསར་བ་འཇོག་པ། གཏན་ཕབ་གཉིས་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་ནི་དཀའ་ཁག་ཡོད་ཚད་ལས་རྒྱལ་བ་དང་གཏན་ཁེལ་མིན་པ་ཡོད་ཚད་ལ་ཁ་གཏད་འཇལ་བའི་གཏན་ཁེལ་རང་བཞིན་ཆེས་ཆེན་པོ་དང་གཏིང་ཤུགས་ཆེས་ཆེན་པོ། འགན་སྲུང་ཆེས་ཆེན་པོ་ཡིན་པར་རྒྱུས་ལོན་ཟབ་མོ་བྱས་ནས། སྲུང་སྐྱོང་གཉིས་ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། ཏང་གཤིས་ལ་བརྟེན་ནས་རང་ཚུགས་ལས་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་ཡང་དག་འཛུགས་པ། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་ལག་བསྟར་བཟང་བོ་བྱེད་པ། བདམས་པའི་ལམ་བུ་རུ་རྒྱུན་མཐུད་ངང་བསྐྱོད་པ། བྱ་བ་རྒྱུན་འཁྱོངས་སྒོས་བསྒྲུབ་སྟེ། ནམ་ཡང་ལྷོད་གཡེང་མི་བྱེད་པའི་སྙིང་སྟོབས་རྣམ་པ་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས།  མི་དམངས་ནམ་ཡང་སེམས་ཁོང་གི་གོ་གནས་ཆེས་མཐོ་སར་འཇོག་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སྟེང་བརྟན་པོར་འགྲེང་བ། མི་དམངས་སེམས་ཁོང་དུ་འཛིན་པ། དུས་ནམ་ཡང་མི་དམངས་བསམ་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་སེམས་ལ་བཟུང་ནས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་རིན་ཐང་གི་འཚོལ་སྙེག་སེམས་ཁོང་དུ་ཆུད་པར་བྱེད་པ་དང་ལག་བསྟར་བྱེད་དགོས། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མི་ཚེའི་མཚར་སྡུག་བསྐྲུན་པ་དང་། ལས་བྱེད་པས་ལས་སྒྲུབ་བྱེད་པ་ཡིད་ལ་འཛིན་པ། ལང་ཚོའི་གསོན་ཤུགས་དང་དཀའ་ཁག་ལ་མི་འཛེམ་པའི་ཁག་ཁུར་ལ་བརྟེན་ནས། སྟོབས་ཤུགས་ཡོད་རྒུས་ཇུས་འདོན་སྲིད་སྐྱོང་བྱེད་པ་དང་། ཕྱོགས་སོ་སོར་གཅིག་འདོམས་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཐད་རིན་ཐང་ལྡན་པའི་དཔེ་གཞི་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤེས་རིག་དང་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།