ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ། ཞིང་ཆེན་དམངས་ཡོངས་རྒྱལ་སྲུང་སློབ་གསོ་གཞུང་སྒྲུབ་ཁང་། ཟི་ལིང་དམངས་ཡོངས་རྒྱལ་སྲུང་སློབ་གསོ་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་སྙིང་སྟོབས་ཆེན་པོས་རྒྱལ་སྲུང་སྟོབས་ལྡན་དུ་གཏོང་། དཔའ་ངར་ཆེན་པོས་བསྐྱར་དར་ཕྱོགས་སུ་བསྐྱོད་ཅེས་པའི་ཉིས་སྟོང་ཉེར་གསུམ་ལོའི་དམངས་ཡོངས་རྒྱལ་སྲུང་སློབ་གསོའི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།
བྱ་འགུལ་གྱིས་རིག་རྩལ་འཁྲབ་སྟོན་དང་བརྗོད་དོན་པར་རིས་འགྲེམ་སྟོན་གྱི་བྱེད་ཐབས་བརྒྱུད་དེ་རྒྱ་ཆེའི་མང་ཚོགས་ལ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཡོངས་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་དགོངས་དོན་དྲིལ་བསྒྲགས་བྱས་པ་དང་། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མངོན་པར་བྱས་ལ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་ཇེ་དྲུག་ཏུ་བཏང་བར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་སྲུང་ལ་དོ་ཁུར་དང་རྒྱལ་སྲུང་ལ་དགའ་བ། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོབ་ཀྱི་སྣང་ཚུལ་བཟང་བོ་བསྐྲུན། གཙོ་སྒྲུབ་སྡེ་ཁག་གིས་ད་རུང་མང་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་དང་དམངས་ཡོངས་རྒྱལ་སྲུང་སློབ་གསོའི་རྩ་གནད་སོགས་དྲིལ་སྒྲོག་རྒྱུ་ཆ་བྱིན་ཏེ་རྒྱལ་སྲུང་ཁྲིམས་སྲོལ་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་རྒྱལ་སྲུང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་།
འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། དམངས་ཡོངས་རྒྱལ་སྲུང་སློབ་གསོས་འགན་འཁྲི་གསར་པ་ཁུར་ཡོད་པ་དང་འགྲན་རྩོད་གསར་པར་འཕྲད་ཡོད་པས། རང་ཞིང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཁྱབ་ཁོངས་སོ་སོ་དང་གོ་རིམ་སོ་སོར་འདྲེས་པར་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྒྱལ་སྲུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་པ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འདུ་ཤེས་བཅས་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་འབྲི་བར་མཐུན་སྒྲིལ་འབད་འཐབ་བྱེད་ངེས་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།